པར་རིས་གསར་འགྱུར།

གཅན་ཚ་རྫོང་བྲག་ཁང་སྣ་ཁ་སྡེ་བར་རིག་གནས་ཐང་ཆེན་ཡོད་པ།
དུས་ཚོད་།
2010-02-08 08:55:14.0 རྡེབ་ཚད། 243

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་གྱི་ཞོགས་པར།   གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་བརྡལ་བྲག་ཁང་སྣ་ཁ་སྡེ་བར་སོང་ནས་རྒྱུས་ལོན་བྱུང་བ་ལྟར་ན།   བྲག་ཁང་སྣ་ཁ་སྡེ་བ་ནི་བོད་ཀྱི་སྡེ་བ་ཞིག་ཡིན་པ་དང་།  ཉིས་སྟོང་དགུ་ལོའི་ཚུན་ལ།   སྡེ་བ་དེས་གཅིག་བསྡུས་མ་དངུལ་སྒོར་མོ་འབུམ་བདུན་དང་ཁྲི་གཉིས་བཏང་ནས།   རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་སྡེའི་རིག་གནས་ཐང་ཆེན་དང་པོ་བཙུགས་པ་དང་།   དེས་གནས་སྐོར་བྱེད་ས་ན་ཡོད་པའི་སྡེ་བ་དེའི་རྣམ་པ་རྩ་བ་ནས་བསྒྱུར།   རྒྱུས་ལོན་བྱུང་བ་ལྟར་ན།   ལོ་རེར་སྡེ་བ་དེར་གནས་སྐོར་བྱེད་པའི་ཞིང་ཆེན་ཕྱི་ནང་གི་མགྲོན་པོ་ཁྲི་ལྔ་ཡན་ཆད་དུ་བསླེབས་པ་དང་། སྡེ་བ་དེའི་ཁྱིམ་ཚང་ཞེ་གཉིས་ཀྱིས་ཞིང་བའི་སྤྲོ་ཁྱིམ་མགྲོན་ཁང་བསྒྲུབས་ནས་སྡེ་དམངས་ཀྱི་ཡོང་སྒོ་ལོ་རེར་ཇེ་མང་ཏུ་སོང་ནས།   ན་ནིང་ལོ་ཧྲིལ་བོར་སྡེ་བའི་གནས་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་མོ་འབུམ་ལྔ་ལྷག་ཏུ་བསླེབས་པ་དང་ །   ཞིང་བའི་སྤྲོ་ཁྱིམ་མགྲོན་ཁང་བཙུགས་ནས་ཚོང་གཉེར་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་།   གནས་སྐོར་མགྲོན་པོ་ལོ་རེར་ཇེ་མང་ཏུ་སོང་བ་དང་བསྟུན་ནས། སྡེ་དམངས་མང་ཆེ་ཤོས་ཤིག་ཕྱུག་པོའི་ལམ་དུ་བསྐྱོད་མགོ་བརྩམས།
 སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒྱ་མཚོས་གསར་འགོད་པར་བཤད་རྒྱུར།   ན་ནིང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པས་ཆོད་སེམས་བཅངས་ནས།   སྡེ་བ་རང་གི་མང་ཚོགས་ཁྲོད་ནས་མཐོང་ཐུབ་པའི་ཡོང་སྒོ་སྐྲུན་པའི་དོན་དག་ནས་མགོ་བརྩམས་སྟེ།   གད་སྙིགས་ཕོད་པ་དང་།   བཙོག་ཆུ་མེད་པར་གཏོང་བ།  བགྲོད་ལམ་ལས་པ་དང་།   ཆུ་སྦུགས་ལས་པ།   སྤྱི་སྤྱོད་སྤྱོད་ཁང་ལས་བ་སོགས་སྡེ་བའི་རྣམ་པ་བསྒྱུར་བའི་བཟོ་སྐྲུན་སྤེལ་བར་མ་ཟད།   སྡེ་བ་དེས་ད་རུང་ཏང་ཡོན་བྱ་འགུལ་ཁང་དང་།  རིག་གནས་བྱ་འགུལ་སྤེལ་ས་དང་འཕྲོད་བསྟེན་ཁང་སོགས་ལས་ནས།  བྲག་ཁང་སྣ་ཁ་སྡེ་བ་ད་ལྟ་ཁོར་ཡུག་མཛེས་ཤིང་སྐྱེ་ཁམས་དཔལ་ཡོན་ལྡན་པའི་སྡེ་བར་གྱུར་ཡོད་ཟེར།

ལོ་ཙཱ་བ །  བདེ་སྐྱིད་འཚོ།

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号