པར་རིས་གསར་འགྱུར།

༢༠༡༠ལོའི་དམག་དམངས་ཀྱིས་གནམ་ལོ་གསར་བ་བསུ་བའི་རིག་རྩལ་དགོང་ཚོགས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཚོགས་པ།
དུས་ཚོད་།
2010-02-08 09:20:53.0 རྡེབ་ཚད། 240

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

«

འདི་ནི་འཁྲབ་སྟོན་མཇུག་རྫོགས་རྗེས།  ཧུའུ་ཅིན་ཐོ་སོགས་དང་འཁྲབ་སྟོན་པ་ཡོངས་མཉམ་དུ་པར་བརྒྱབ་པའི་ཚུལ་རེད། 

 ༢༠༡༠ལོའི་དམག་དམངས་ཀྱིས་གནམ་ལོ་གསར་བ་བསུ་བའི་རིག་རྩལ་དགོང་ཚོགས་ཏེ«ཚན་རིག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ»ཞེས་པ་དེ་ཟླ༢པའི་ཚེས༦ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས།  ཧུའུ་ཅིན་ཐོ་དང་བུའུ་པང་གོ  བིན་ཅ་པའོ།  ཅ་ཆིན་ལིན།  ལིས་ཁྲང་ཁྲོན།  ཞི་ཅིན་ཕེན།  ལིས་ཁི་ཆང་།  ཧི་གོ་ཆང་།  ཀྲིག་ཡོན་ཁང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྒྱལ་སའི་དམག་དམངས་དང་ལྷན་དུ་འཛོམས་ཏེ།  གནམ་ལོ་གསར་བར་རྟེན་འབྲེལ་ཞུས། 
  རྒྱལ་ཡོངས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བའི་འགོ་ཁྲིད་ཚན་ཆུང་དང་དམངས་སྲིད་པུའུ།  རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་དང་བཅིངས་འགྲོལ་དམག་སྤྱིའི་ཆབ་སྲིད་པུའུ་བཅས་ཀྱིས་མཉམ་དུ་བསྡུས་པའི་དམག་དམངས་ཀྱིས་གནམ་ལོ་གསར་བ་བསུ་བའི་རིག་རྩལ་དགོང་ཚོགས་དེ་ད་ལྟའི་བར་ཐེངས་ཉེར་གཅིག་ལ་བསྒྲུབས་པ་དང་།  ད་ལོའི་དགོང་ཚོགས་ལས་ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱས་པ་དང་།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་།  ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བཟུང་སྟེ།  ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་བཟང་བོ་དང་།  འཛུགས་སྐྲུན་དང་བཅོས་སྒྱུར་སྣ་ཚོགས་ཀྱི་དཀའ་ཁག་ལས་རྣམ་པར་རྒྱལ་ཏེ།  དགའ་འོས་པའི་གྲུབ་འབྲས་བླངས་པའི་རྣམ་པ་ངོམ་པ་དང་།  དམག་ཡོངས་ཀྱི་དཔོན་དམག་གིས་དེང་རབས་གསར་བརྗེ་དམག་མིའི་སྲོག་ཤིང་གི་རིན་ཐང་ལྟ་བ་ཆགས་པར་བྱེད་པ།  དུས་རབས་གསར་བའི་དུས་སྐབས་གསར་བའི་རང་རེའི་དམག་དཔུང་གི་ལོ་རྒྱུས་འགན་འཁྲི་ལག་བསྟར་བྱེད་པའི་རྣམ་པ་གསར་བ་མཚོན་པར་བྱས་པ་དང་།  རྒྱལ་ཡོངས་དམག་དམངས་ཀྱིས་དཀའ་སྡུག་མཉམ་མྱོང་དང་བློ་སེམས་གཅིག་ཏུ་སྦྲེལ་ཏེ།  འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ནས་རྒྱལ་ཁ་གསར་བ་ལེན་པར་བརྩོན་ཞིང་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་བཅས་གླུ་རུ་བླངས། 

ལོ་ཙཱ་བ།  ཀླུ་འབུམ་བྱམས།     

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号