པར་རིས་གསར་འགྱུར།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཟི་ལིང་ནས་བོད་རབ་རྒྱན་ལྕགས་ཕོ་སྟག་ལོའི་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་བསྡུས་པ།
དུས་ཚོད་།
2010-02-08 09:22:18.0 རྡེབ་ཚད། 190

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

   ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན་ནི་བོད་རབ་རྒྱན་ལྕགས་ཕོ་སྟག་ལོའི་ལོ་སར་ཡིན།  ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཚེས་བདུན་ཉིན་མཚོ་སྔོན་རྣམ་རྒྱལ་མགྲོན་ཁང་ནས་བོད་རབ་རྒྱན་ལྕགས་ཕོ་སྟག་ལོའི་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་བསྡུས།  ཟི་ལིང་ས་ཁུལ་གྱི་བོད་རིགས་སྤུན་ཟླ་ཁ་ཤས་དང་ཞིང་ཆེན་གྱི་ཏང་སྲིད་མགོ་ཁྲིད་པ་རྣམས་དགའ་སྤྲོའི་ངང་ལྷན་དུ་འཛོམས་ནས། མཉམ་དུ་དུས་ཆེན་ལ་རྟེན་འབྲེལ་ཞུས། རྒྱལ་ཡོངས་སྲིད་གྲོས་རིག་གནས་ལོ་རྒྱུས་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སངས་རྒྱས་སྐྱབས་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་མ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་རྡོ་རྗེ་རབ་བརྟན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ། ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་མཱ་ཁྲང་ཆིན། བློ་མཐུན་རྒན་པ་སྐལ་བཟང་རྡོ་རྗེ་དང་གཡང་མོ་རྒྱལ། དཀོན་མཆོག་སོགས་ཇ་སྟོན་ཚོགས་འདུར་ཞུགས།
  མཱ་ཧྲུན་ཆིན་གྱིས་ཇ་སྟོན་ཚོགས་འདུའི་སྟེང་ཞུ་ཚིག་ཕུལ། ཁོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཇ་སྟོན་ཚོགས་འདུར་ཞུགས་པའི་མགོ་ཁྲིད་རྣམ་པ་དང་བློ་མཐུན་རྣམ་པ། བོད་རིགས་སྤུན་ཟླ་སོགས་དང་། ཁོ་ཚོ་བརྒྱུད་དེ་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་ས་ཡ་གཅིག་དང་འབུམ་གཉིས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས།
   མཱ་ཧྲུན་ཆིན་གྱིས་བཤད་རྒྱུར། 2009ལོ་ནི་དུས་རབས་གསར་བའི་ཚུན་ལ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་དཀའ་ཁག་ཆེས་ཆེ་བའི་ལོ་ཞིག་ཡིན། ཛ་དྲག་དང་རྙོག་འཛིང་ཆེ་བའི་གནས་ཚུལ་གྱི་མདུན་དུ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག  ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐོན་ཚད་འཕར་བར་ཁག་ཐེག་དང་མི་དམངས་ཀྱི་འཚོ་བར་ཁག་ཐེག  བརྟན་འཇགས་ལ་ཁག་ཐེག་བཅས་བྱེད་པའི་འཐབ་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། མཐུན་སྒྲིལ་འབད་འཐབ་བྱེད་པ་དང་དཀའ་ཁག་ཁྱད་དུ་བསད་དེ། དངུལ་ལོར་ཉམས་ཉེན་གྱི་བར་ཆད་སོགས་དཀའ་ཁག་དང་འགྲན་རྩོད་ལ་ཕན་འབྲས་ལྡན་པའི་ངང་ཁ་གཏད་འཇལ། མི་རིགས་མཐུན་སྒྲིལ་སྔར་ལས་ཇེ་བརྟན་དུ་སོང་བ་དང་། སྟོབས་ཤུགས་ཡོད་དགུ་བཏོན་ནས་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་བ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་སོང་བར་མ་ཟད། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བ་བཅས་ཀྱི་གྲུབ་འབྲས་གསར་བ་བླངས་ཡོད་ཟེར།
  མཱ་ཧྲུན་ཆིན་གྱིས་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ལོ་གསར་བའི་ནང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཉམ་དུ། དཀའ་སྤྱད་སྡུག་རུས་དང་གསར་གཏོད་གསར་སྐྲུན་གྱི་སྲོལ་རྒྱུན་བཟང་བོ་མུ་མཐུད་དུ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་མཚོ་སྔོན་སོགས་བོད་ཁུལ་གྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པའི་གོ་སྐབས་དང་བསྟུན་ནས། ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་བཅས་ལས་འགན་ཆེན་པོ་གསུམ་ལ་དམིགས་ནས། སྟོབས་ཤུགས་ཡོད་དགུ་བཏོན་ཏེ་མཆོང་སྐྱོད་ཀྱི་འཕེལ་རྒྱས་དང་སྐྱོན་བྲལ་བའི་འཕེལ་རྒྱས། འཆམ་མཐུན་གྱི་འཕེལ་རྒྱས། གཅིག་གྱུར་འཆར་འགོད་ཀྱི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
  ཇ་སྟོན་ཚོགས་འདུའི་སྟེང་། ཞིང་ཆེན་ཟློས་གར་སྒྱུ་རྩལ་ཁང་གི་རིག་རྩལ་བྱ་བ་བྱེད་མཁན་གྱིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།
 
    ལོ་ཙཱ་བ།  ཞའོ་ཡན།
པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号