པར་རིས་གསར་འགྱུར།

མཚོ་སྔོན་ཧོར་རིགས་ཀྱི་ཕ་ས་ཧུའུ་ཀྲུའུ་རྫོང་གིས་གནས་སྐོར་མགྲོན་པོ་ས་ཡ་གཅིག་ལྷག་སྣེ་ལེན་བྱས་ཏེ་ཡོང་སྒོ་སྒོར་མོ་དུང་ཕྱུར་ལ་སླེབས་པ།
དུས་ཚོད་།
2010-02-08 09:23:08.0 རྡེབ་ཚད། 174

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

     ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གིས་“གནས་སྐོར་གསར་སྤེལ་ལོའི་”བྱ་འགུལ་སྤེལ་བ་ནས་བཟུང་།  དམངས་སྲོལ་དང་ཆོས་ལུགས་རིག་གནས་གནས་སྐོར་གཞིར་བཟུང་སྟེ་འདོན་སྤེལ་གང་ལེགས་བྱས་པ་དང་།  ཧུར་ཐག་སྒོས་སྐྱེ་ཁམས་གནས་སྐོར་ཐོན་ཁུངས་དང་གནས་སྐོར་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་པས།  ན་ནིང་རྫོང་ཡོངས་ཀྱིས་མགྲོན་པོ་ས་ཡ་གཅིག་དང་ཁྲི་གསུམ་སྣེ་ལེན་བྱས་ཏེ་གནས་སྐོར་ཡོང་སྒོ་ཐད་ལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་མངོན་འགྱུར་བྱས།
    ཧུའུ་ཀྲུའུ་རྫོང་གིས་ད་རུང་མུ་མཐུད་དུ་གནས་སྐོར་ཐད་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ་ལས་གཞན།  ནས་ཆང་ཐོན་ལས་དང་ཧོར་རིགས་དམངས་སྲོལ་རིག་གནས་ཀྱི་སྐྱེ་ཁམས་གནས་སྐོར་ལས་གཞིའི་ཐད་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་ལྷག་བཏང་བ་དང་།  ཧུའུ་ཀྲུའུ་བྱང་རི་མཛེས་ལྗོངས་ས་ཁུལ་གྱི་ལུང་བེ་ཧྲན་གནས་སྐོར་ལམ་སོགས་བཟོ་སྐྲུན་ཐད་ལ་སྒོར་མོ་ས་ཡ་གསུམ་དང་འབུམ་གསུམ་བཏང་ལ།  དགོན་ལུང་དགོན་པའི་འདུ་ཁང་ཆེན་མོ་བསྐྱར་བཞེངས་བྱེད་པའི་བཟོ་སྐྲུན་ཡང་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་།  དཔལ་འབྱོར་ཉོ་ཚོང་ཚོང་གཏམ་ཕྱོགས་ནས་མཇའ་ཚོན་གྱི་འཚོ་བ་ཞེས་པའི་གནས་སྐོར་འཚམས་སྦྱོར་བྱ་འགུལ་སྤེལ་བར་མ་ཟད།  ཧོར་རིགས་གླུ་གར་ཚོགས་པ་ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་སོང་ནས་འཁྲབ་སྟོན་ལེགས་འགྲུབ་བྱུང་བ་དང་།  གནས་སྐོར་ཁེ་ལས་རྩ་འཛུགས་བྱས་ནས་མཚོ་སྔོན་ཉོ་ཚོང་ཚོང་གཏམ་ཚོགས་འདུ་དང་ལན་ཀྲིག་ཉོ་ཚོང་ཚོང་གཏམ་ཚོགས་འདུ་སོགས་ཀྱི་བྱ་འགུལ་དུའང་ཞུགས་མྱོང་།

ལོ་ཙཱ་བ།  ཤ་བོ་སྐྱབས།

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号