པར་རིས་གསར་འགྱུར།

བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་མོ་དུང་ཕྱུར་ཉེར་གཉིས་ལ་ཉེ་བ་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་པའི་ཐད་གཏོང་རྒྱུ་ཡིན་པ།
དུས་ཚོད་།
2010-02-08 10:09:21.0 རྡེབ་ཚད། 500

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་གྱི་ཞིང་བས་འདྲུད་འཐེན་འཁོར་ལོ་ལ་བརྟེན་ནས་ཞིང་འདེབས་བཞིན་པ།

  གསར་འགོད་པས་ཉེ་ལམ་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་མོ་དུང་ཕྱུར་ཉེར་གཅིག་ལྷག་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐད་ལ་བཏང་སྟེ།  རོང་འབྲོག་པའི་ཡོང་སྒོ་མུ་མཐུད་འཕར་སྣོན་འབྱུང་བ་དང་།  བོད་ལྗོངས་ཀྱི་ཞིང་ལས་དེང་རབས་ཅན་འཚོལ་ཞིབ་བྱེད་པར་ཡར་སྐུལ་བྱེད་རྒྱུ་རེད། 
  ཉིས་སྟོང་གཅིག་ལོར་ཀྲུང་དབྱང་གིས་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་བ་བསྡུས་པ་ནས་བཟུང་།  བོད་ལྗོངས་ཀྱི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐད་ལ་མ་དངུལ་སྒོར་མོ་བཅུ་གསུམ་ལྷག་བཏང་བ་དང་།  གསར་སྤེལ་ས་ཁུལ་བཞི་བཅུ་ལས་ལ།  ཞིང་ལས་ཐོན་སྐྱེད་ཅན་གྱི་ལས་གཉེར་ལས་གཞི་ང་གཅིག་ལག་བསྟར་བྱས་ཏེ།  ཞིང་སྡེ་བརྟན་འཇགས་དང་།  ཞིང་ལས་ཐོན་སྐྱེད། ཞིང་བའི་ཡོང་སྒོ་འཕར་བའི་གསར་སྤེལ་དམིགས་འབེན་གསུམ་མངོན་འགྱུར་བྱས།

ལོ་ཙཱ་བ།  ཚེ་རིང་སྒྲོལ་མ། 

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号