པར་རིས་གསར་འགྱུར།

“བོད་ཀྱི་ཤིང་པར་སྒྱུ་རྩལ་འགྲན་སྟོན”ཟླ་གསུམ་པར་པེ་ཅིན་ནས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ།
དུས་ཚོད་།
2010-02-08 10:14:13.0 རྡེབ་ཚད། 671

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

“བོད་ཀྱི་ཤིང་པར་འགྲེམ་སྟོན”གྱི་བརྡ་སྦྱོར། 


དོན་གྲུབ་གྱི་བརྩམ་ཆོས།  ས་གཞི་སྟེ། ཨ་མ་ཞེས་པའི་ཁག་གསུམ་པ། 


ནོར་བུ་དོན་གྲུབ་གྱི་བརྩམ་ཆོས།  གླང་བོ་རིན་པོ་ཆེ། 

  “བོད་ཀྱི་ཤིང་པར་འགྲེམ་སྟོན”ཟླ་གསུམ་པའི་ཚེས་དྲུག་ཉིན་པེ་ཅིན་གྱི་བདུན་དགུ་བརྒྱད་སྒྱུ་རྩལ་ཁུལ་ནས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་།   སྐབས་དེར་སྒྱུ་རྩལ་པ་བཅུ་གཉིས་ཀྱི་བརྩམ་ཆོས་དྲུག་ཅུ་ལྷག་འགྲེམ་སྟོན་བྱེད་རྒྱུ་རེད།  
  ཐེངས་འདིའི་ཤིང་པར་འགྲེམ་སྟོན་ནང་ཞུགས་མཁན་ལ་དགོན་པ་ནས་ཡོང་བའི་གྲྭ་བ་དང་།  གཟི་ཚ་སྡེ་དགུའི་དམངས་ཁྲོད་སྙན་ངག་པ།  མཛོད་དགེ་རྩྭ་ཐང་གི་སྒྱུ་རྩལ་པ་སོགས་ཡོད་པ་དང་།  ཁོ་ཚོས་འཚོ་བའི་ཟུར་མི་འདྲ་བ་ནས་བརྩམ་ཆོས་གསར་རྩོམ་བྱས་ཡོད།   འགྲེམ་སྟོན་བྱེད་ས་ནས་ད་རུང་བོད་ཀྱི་ཤིང་པར་གསར་རྩོམ་བྱེད་པར་བཀོལ་པའི་བོད་ཀྱི་ཤོག་བུ་དང་།  མཐོ་སྒང་གི་རང་བྱུང་གཏེར་རྫས།  སྐྱེ་དངོས་ཀྱི་ཚོས་སོགས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་།  སྐབས་དེར། རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་སྒྱུ་རྩལ་ལ་རོལ་མྱོང་བྱས་ཆོག

ལོ་ཙཱ་བ།  ཚེ་རིང་སྒྲོལ་མ། 

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号