པར་རིས་གསར་འགྱུར།

ཧིན་རྡུ་ཉི་ཞི་ཡཱ་ནས་རི་ཉིལ་བའི་དོན་རྐྱེན་བྱུང་པ་ལས་མི་བཅུ་བདུན་ཚེ་ལས་འདས་པ།
དུས་ཚོད་།
2010-02-24 23:10:47.0 རྡེབ་ཚད། 536

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། ཧིན་རྡུ་ཉི་ཞི་ཡཱའི་ཀྲ་ཝ་ཞིང་ཆེན་ནུབ་མ་ནས། རྒུད་སྐྱོབ་མི་སྣས་རི་ཉིལ་བའི་དོན་རྐྱེན་བྱུང་ས་ནས་གར་སོང་མ་རྙེད་པའི་མི་འཚོལ་བཞིན་པ།


ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། ཧིན་རྡུ་ཉི་ཞི་ཡཱའི་ཀྲ་ཝ་ཞིང་ཆེན་ནུབ་མ་ནས། ས་དེའི་སྡེ་དམངས་ཀྱིས་རི་ཉིལ་བའི་དོན་རྐྱེན་བྱུང་ས་ནས་གར་སོང་མ་རྙེད་པའི་མི་འཚོལ་བཞིན་པ།


ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན།  ཧིན་རྡུ་ཉི་ཞི་ཡཱའི་ཀྲ་ཝ་ཞིང་ཆེན་ནུབ་མ་ནས།  རྒུད་སྐྱོབ་མི་སྣས་རི་ཉིལ་བའི་དོན་རྐྱེན་བྱུང་ས་ནས་ཤི་བོའི་བེམ་པོ་ཞིག་རྙེད་པ།


   ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་ཀྱི་གནོད་འཚེ་དོ་དམ་ལས་ཁུངས་ཀྱི་འགན་ཁུར་བ་ཨ་ལིས་ཧྥུ་ཡིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། ཀྲ་ཝ་ཞིང་ཆེན་ནུབ་མའི་བན་ལུང་ས་ཁུལ་གྱི་ཇ་ལོ་འདེབས་འཛུགས་ར་བ་ཞིག་ནས་ཚེས་ཉེར་གསུམ་ཉིན་རི་ཉིལ་བའི་དོན་རྐྱེན་བྱུང་བ་ལས་ཚེ་ལས་འདས་པའི་མི་གྲངས་མི་བཅུ་བདུན་ལ་ཇེ་མང་དུ་སོང་བ་དང་། མིག་སྔར་ད་རུང་མི་སུམ་ཅུ་ལྷག་གར་སོང་མ་རྙེད།
   ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་གཞོན་པ་པུའུ་ཏིས་ཨོ་ནོ་དང་མཉམ་དུ་དོན་རྐྱེན་བྱུང་སར་གནོད་ཐེབས་གནས་ཚུལ་ལ་རྟོག་ཞིབ་བྱེད་པར་སོང་བའི་ཨ་ལི་ཧྥུ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། མིག་སྔར་ཤི་བོའི་བེམ་པོ་བཅུ་བདུན་རྙེད་པ་དང་། ཉེན་རྟོག་པ་དང་སྡེ་དམངས། དང་བླངས་མཁན་སོགས་རྒུད་སྐྱོབ་མི་སྣས་སྔར་བཞིན་མུ་མཐུད་དུ་གར་སོང་མ་རྙེད་པའི་མི་སྣ་འཚོལ་བཞིན་ཡོད་ཟེར།

ལོ་ཙཱ་བ།   བསོད་ནམས་ཚེ་རིང་།

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号