པར་རིས་གསར་འགྱུར།

བོད་ལྗོངས་ཀྱིས་གཙོ་བོར་གནས་སྐོར་ཁུལ་གཉིས་གསར་སྤེལ་བྱེད་རྒྱུ་ཡིན་པ།
དུས་ཚོད་།
2010-03-03 10:01:27.0 རྡེབ་ཚད། 596

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་ཉིས་བརྒྱ་ལྷག་ཡོད་པའི་རྒྱལ་ལམ་གསུམ་གཅིག་བརྒྱད་འགྲམ་གྱི་ཐེ་ཀྲའོ་འགྲེམ་སྟོན་ཁང་། 


 གསར་འགོད་པས་བོད་རང་སྐྱོང་ལྗོངས་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  མ་འོངས་པའི་ལོ་འགའི་ནང་དུ།  བོད་ལྗོངས་ཀྱིས་ཐང་བོད་གནའ་ལམ་དང་ཇ་རྟའི་གནའ་ལམ་གཉིས་ལྷོ་བྱང་དང་ཤར་ནུབ་ཀྱི་གནས་སྐོར་འཕེལ་རྒྱས་ཀྱི་ས་ཁུལ་གཉིས་སུ་འཛུགས་སྐྲུན་བྱས་ཏེ།  བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་པོ་འབྱུང་བར་ཡར་སྐུལ་བྱེད་རྒྱུ་རེད།  བོད་རང་སྐྱོང་ལྗོངས་གནས་སྐོར་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་ཡུས་ཡུང་ཀོས་ཡིས་མཚམས་སྦྱོར་བྱས་པ་ལྟར་ན།  བོད་ལྗོངས་བྱ་བའི་གྲོས་ཚོགས་ཐེངས་ལྔ་བའི་བཞུགས་མོལ་ཚོགས་འདུའི་སྟེང་བཏོན་པའི་བོད་ལྗོངས་ཀྱིས་ཁྱད་ཆོས་ལྡན་པའི་གནས་སྐོར་ལས་རིགས་བཟང་པོར་སྒྲུབ་པའི་རེ་བ་ལྟར།  ཐང་བོད་གནའ་ལམ་དང་ཇ་རྟའི་གནའ་ལམ་ཁུལ་དུ་གནས་སྐོར་འཕེལ་རྒྱས་རྒྱ་སྐྱེད་པའི་འཐབ་ཕྱོགས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

མ་ཕམ་གཡུ་མཚོའི་སྟེང་ན་འཕུར་ལྡིང་གར་དུ་རྩེན་པའི་བྱ་ཚོགས། 


ལོ་ཙཱ་བ།  ཚེ་རིང་སྒྲོལ་མ།  

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号