པར་རིས་གསར་འགྱུར།

ཨོ་སི་ཁྲུ་ལི་ཡཱ་དང་ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་སྒོས་རྒྱ་མཚོ་ལས་ལྐོག་བརྒལ་བྱེད་པར་ཆམ་ཕབ་གཏོང་བར་འཐད་པ་བྱུང་བ།
དུས་ཚོད་།
2010-03-10 16:02:16.0 རྡེབ་ཚད། 194

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

   ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ལུའུ་ཁི་བུན་གྱིས་ཚེས་བཅུ་ཉིན་འཚམས་འདྲིར་ཡོང་བའི་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་སུའུ་ཞི་ལོ་དང་མཉམ་དུ་གྲོས་མོལ་བྱས་པ་དང་།  རྒྱལ་ཁབ་གཉིས་ཀྱིས་རྒྱ་མཚོ་ལས་ལྐོག་བརྒལ་བྱེད་པ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ།  དཔལ་འབྱོར་ཉོ་ཚོང་སོགས་ཕྱོགས་མང་བོའི་མཉམ་ལས་ལ་ཤུགས་སྣོན་རྒྱུར་འཐད་པ་བྱུང་།
   ལུའུ་ཁི་བུན་གྱིས་ཚེས་བཅུ་ཉིན་སུའུ་ཞི་ལོ་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར།  ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་ནི་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་ཀྱི་མ་འོངས་པའི་ས་ཁུལ་དེ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་གྲོགས་པོའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ཞིང་།  ཨོ་སི་ཁྲུ་ལི་ཡཱ་དང་ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཨོ་སི་ཁྲུ་ལི་ཡཱ་ཡིས་རྒྱལ་སྤྱིའི་འབྲེལ་བ་དང་རྒྱལ་སྤྱིའི་ལས་དོན་ཐག་གཅོད་པར་སྣང་ཆུང་བྱེད་མི་རུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན།  ཨོ་སི་ཁྲུ་ལི་ཡཱ་དང་ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་གཉིས་ཀྱིས་ཕྱིན་ཆད་ལྐོག་བརྒལ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ།  དཔལ་འབྱོར་ཉོ་ཚོང་སོགས་ལ་ཆམ་ཕབ་གཏོང་བའི་ཐད་ནས་མཉམ་ལས་བཟང་བོ་བྱེད་རྒྱུར་འཐད་པ་བྱུང་བར་མ་ཟད།  དུས་བཅད་ལྟར་ཕྱི་འབྲེལ་དང་རྒྱལ་སྲུང་ལས་དོན་ལ་འབྲེལ་བའི་ཕྱོགས་གཉིས་ཀྱི་གྲོས་མོལ་སྤེལ་རྒྱུ་ཡིན་ཟེར།
   སུའུ་ཞི་ལོ་ཡིས་བཤད་རྒྱུར།  རྒྱལ་ཁབ་གཉིས་ཀྱིས་ཁོས་འཚམས་འདྲི་བྱེད་པའི་སྐབས་སུ་ལྐོག་བརྒལ་ལ་ཆམ་ཕབ་གཏོང་བའི་ཁྱབ་ཁོངས་རང་བཞིན་གྱི་གྲོས་མཐུན་བཀོད་ཀྱང་།  ལྐོག་བརྒལ་གནད་དོན་ཐག་གཅོད་བྱེད་པ་དེ་བཅའ་ཁྲིམས་ལམ་ལུགས་དང་བདེ་འཇགས།  མི་ཆོས་རིང་ལུགས་བཅས་ལ་འབྲེལ་བ་ཡོད་པས།  རྒྱལ་ཁབ་གཉིས་ཀྱིས་མཐུན་སྦྱོར་དང་མཉམ་ལས་བཟང་བོ་བྱེད་དགོས་ཟེར།
   སུའུ་ཞི་ལོ་ཚེས་དགུ་ཉིན་ཁན་ཕའེ་ལཱ་རུ་འབྱོར་ནས་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་ལ་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱེད་མགོ་བརྩམས།  ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་སྐབས།  ཁོས་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་ཀྱི་ཙུང་ཏུའུ་པུའུ་ལན་སི་དང་གྲོས་མོལ་བྱེད་རྒྱུ་མ་ཟད།  ཨོ་སི་ཁྲུ་ལི་ཡཱའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ནས་གཏམ་བཤད་སྤེལ་རྒྱུ་རེད།

ལོ་ཙཱ་བ།   བསོད་ནམས་ཚེ་རིང་།

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号