པར་རིས་གསར་འགྱུར།

གསོ་ཟོག་ལ་གཟན་ཆས་སྟེར་བའི་གནད་འགག་འགའ།
དུས་ཚོད་།
2009-07-29 11:02:39.0 རྡེབ་ཚད། 1511

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

གསོ་ཟོག་ལ་གཟན་ཆས་སྟེར་བའི་གནད་འགག་འགའ།
  དང་པོ། གསོ་སྐྱོང་བྱེད་ཐབས།
   གཅིག་གསོད་གཉིས་སྣོན་གསུམ་གཏུབ་པ། བཞི་འགྲང་ལྔ་ཆུ་དྲུག་གཏན་ཁེལ་།
   ༡.གནོད་འབུ་གསོད་པ།
   གསོ་ཟོག་གི་ལུས་ཕྱི་ནང་གི་གནོད་འབུ་གསོད་པ་ནི་གཙོ་བོར་འཛིན་དགོས། ཕྱུགས་ཟོག་མང་ཤས་ཀྱི་ཁོག་ནང་ན་གཞན་བརྟེན་སྲིན་འབུ་ཡོད་། དེས་ཟོག་གི་ནང་ཁྲོལ་ལ་གནོད་པ་བྱས་ནས་ཟས་འཇུ་དཀའ་བ་དང་ཁོག་བཤལ་ཏེ་གསོ་ཟོག་གི་རྒྱ་ཁའི་ལྗིད་ཚད་ལ་གནོད་པ་ཆེན་པོ་བཟོ་ངེས་རེད།
   ༢.གཟན་ཆས་ཇེ་བཟང་དང་ཇེ་མང་ཏུ་བཏང་ནས་སྟེར་པ།
   ཚད་དང་རན་པས་གཟན་ཆས་བཟང་བོ་ཨན་ཧྭ་གཟན་ཆས་ཀྱི་རིགས་དང་ཚྭ་ཁུ་སོགས་ཁ་སྣོན་བྱས་ནས་སྟེར་དགོས།
   ༣.གཟན་ཆས་གཏུབ་ནས་སྟེར་བ།
   གསོ་ཟོག་གིས་རྩྭ་སྐྱ་དང་རྩྭ་སྔོན་སོགས་བལྡད་ནས་ཟོས་ན་དེའི་ལུས་ཟུངས་ཟད་སླ་བས་གཟན་རྩྭ་རིང་བོ་གཏུབ་ནས་བྱིན་ན་ཧ་ཅང་བཟང་།
   ༤.ཕོ་བ་འགྲང་བ།
    ཕོ་བ་འགྲང་དགོས།  སྐབས་རེར་འགྲང་བ་དང་སྐབས་རེར་ལྟོགས་པར་བྱེད་མི་རུང་། གཟན་ཆས་ཀྱི་རིགས་སྡེབ་སྦྱོར་ལེགས་པོ་བྱེད་དགོས།  ཟ་བདེ་བའི་གཟན་ཆས་མང་པོ་སྟེར་བ་དང་ཟ་ཚད་ཇེ་ཆེར་གཏང་དགོས།
   ༥.ཆུ་ལྡུད་པ།
   ཉིན་རེར་ཆུ་ཐེངས་གཉིས་ནས་གསུམ་རེར་ལྡུད་པ་དང་ཐེངས་རེ་རེའི་བར་མཚམས་སྐར་མ་བཅོ་ལྔ་ནས་ཉི་ཤུའི་བར་བྱེད་དགོས། ཆུ་དྲོན་པོ་ཡིན་ན་རབ་རེད།   དེར་མ་ཟད་ཆུ་དྭངས་ཤིང་གཙང་དགོས་པ་དང་། ཆ་རྐྱེན་ཡོད་ཚེ་རང་འབབ་ཆུ་བཏུང་དུ་བཅུག་ན་ལྷག་ཏུ་བཟང་།
   ༦.གསོ་གནས་གཏན་ཁེལ་ཡིན་པ།
ར་ནང་དུ་བསྐྱིལ་བའམ་རྡང་ལ་བཏགས་ནས་གསོ་བ་དང་། འགྲོ་རྒྱུག་མང་དུ་མ་བཅུག་པར་སྟོབས་ཤུགས་མ་ཟད་ན་ཤ་ཤེད་རྒྱས་པར་ཕན་ཐོག་ཆེ།
   གཉིས་པ།     འབྲུ་རིགས་ཀྱི་གཟན་ཆས།
   ཐོག་མར་འབྲུ་སྙིགས་སྟེར་བ་དང་བར་དུ་འབྲུ་བཟང་པོ་སྟེར་བ།   སྟེར་བའི་དུས་ཚོད་དང་མང་ཉུང་གཏན་ཁེལ་བྱས་ཏེ་ཡང་དང་ཡང་དུ་སྟེར་དགོས།  འབྲུ་སྙིགས་ཀྱིས་གཟན་ཆས་གཙོ་བོ་བྱེད་པ་དང་འབྲུ་བཟང་བོ་ཕལ་བ་བྱས་ནས་སྟེར་བ་དང་། དེའི་སྟེང་དུ་གསོ་ཟོག་རེར་ཉིན་རེར་ཁེ50ནས150 ཡི་ཉའོ་སུའུ་དང་།  ཁེ 30 ནས 40 ཡི་ཚྭ་ཁུ་གཉིས་གཟན་ཆས་བཟང་བོ་དང་སྡེབ་ནས་སྔ་ཕྱི་གཉིས་ཀར་ཐེངས་གཉིས་ལ་བགོས་ནས་སྟེར་དགོས་པ་དང་།  གཟན་ཆས་སྟེར་བའི་དུས་ཚོད་ཀྱི་བཀོད་སྒྲིག་གཤམ་གསལ་ལྟར།
   ཐེངས་དང་པོ།  སྔ་དྲོའི་ཆུ་ཚོད8 ནས 9 ཡི་བར།
   ཐེངས་གཉིས་པ།  ཕྱི་དྲོའི་ཆུ་ཚོད1 ནས2 ཡི་བར།
ཐེངས་གསུམ་པ། དགོང་མོའི་ཆུ་ཚོད7 ནས 8 ཡི་བར།
ཐེངས་བཞི་པ།  དགོང་མོའི་ཆུ་ཚོད 9 ནས 10 ཡི་བར།
   གོང་ནས་སྡེབ་པའི་གཟན་ཆས་དེའི་ཕྱེད་ཙམ་བླངས་ནས་གཏུབ་ཟིན་པའི་རྩྭ་སྐྱའི་ནང་ཆུ་བླུགས་ནས་བསྲེས་ཡག་བྱས་རྗེས་སྟེར་དགོས། གཟན་ཆས་ཐེངས་གསུམ་པ་སྟེར་སྐབས་འབྲུ་བཟང་བོ་དང་ཉའོ་སུའུ། ཚྭ་ཁུ་གསུམ་སྡེབ་པའི་ལྷག་མ་ཡོད་ཚད་གོང་ལྟར་སྟེར་དགོས། གཟན་ཆས་ཐེངས་གཉིས་པ་རྩྭ་སྔོན་དང་རྩྭ་སྐྱ་ཡིན་དགོས། ཆུ་ནི་རྩྭ་བྱིན་རྗེས་ཀྱི་དུས་ཚོད་གཅིག་གིས་རྗེས་སུ་ལྡུད་དགོས། 
གསུམ་པ།   ར་ནང་དུ་བསྐྱིལ་ནས་གསོ་བ།
   རྒྱུ་ཆ་རང་ས་ནས་ལེན་པ་དང་སྟབས་བདེ་སྲ་བརྟན་དུ་གཏོང་བ། གསོ་ཟོག་རེ་རེར་ར་སྨི་གྲུ་བཞི་མ་གསུམ་ཡོད་ན་རབ་ཡིན།   མཉམ་འཇོག་རྒྱུ་ཞིག་ལ་དབྱར་དུས་སུ་ཟོག་བསྐྱིལ་སའི་ར་ནང་དུ་རླུང་རྒྱུག་པ་དང་ཚ་བ་འགོག་ཐུབ་དགོས་ལ།  དགུན་ཁ་ཡང་གྲང་ངར་འགོག་ཐུབ་པ་ཡིན་དགོས་པར་མ་ཟད་། མཐའ་འཁོར་ལྷང་འཇགས་ཀྱང་ཡིན་དགོས། ཉིན་རེར་ཡང་ན་ཉིན་འགའི་ནང་དུ་གཙང་སྦྲ་རེ་བྱེད་པ་དང་། ནོར་གྱི་ལུས་རྒྱུན་པར་ཤད་དགོས། གསོ་ཟོག་ལེགས་པོ་ཞིག་གསོ་འདོད་ན་ངེས་པར་དུ་དེ་ལྟར་རྒྱུན་འཁྱོངས་བྱེད་དགོས་པ་གལ་ཆེ།
ལོ་ཙཱ་བ    གཟུངས་སྐྱིད།
པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号