པར་རིས་གསར་འགྱུར།

དབྱི་ལང་གིས་གཞི་ཁྱོན་ཆེ་བའི་མཁའ་སྲུང་དམག་སྦྱོང་བྱས་པ།
དུས་ཚོད་།
2009-11-24 09:17:25.0 རྡེབ་ཚད། 1061

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

འདི་ནི་ཟླ11པའི་ཚེས22ཉིན་དབྱི་ལང་དབྱིན་སྐད་བརྙན་འཕྲིན་ཁང་གིས་འདོན་སྤྲོད་བྱས་པའི་དབྱི་ལང་གི་འཐབ་འཛིང་གནམ་གྲུ་མཁའ་སྲུང་དམག་སྦྱོང་ལ་ཞུགས་པའི་བརྙན་རིས་རེད། དབྱི་ལང་མཁའ་སྲུང་དམག་དཔུང་གིས་ཉིན་དེ་ནས་བཟུང་དུས་ཡུན་ཉིན་ལྔ་ཡིན་ལ་དབྱི་ལང་གི་སུམ་ཆའི་གཅིག་གི་མངའ་ཁོངས་སུ་ཁྱབ་པའི་གཞི་ཁྱོན་ཆེ་བའི་མཁའ་སྲུང་དམག་སྦྱོང་བྱེད་མགོ་བརྩམས། དམག་སྦྱོང་དེའི་དམིགས་ཡུལ་ནི་དགྲ་དམག་གིས་དབྱི་ལང་གི་སྒྲིག་ཆས་གལ་ཆེན་ལ་བར་སྣང་ནས་འཇབ་རྒོལ་བྱེད་པར་བཀག་འགོག་བྱེད་རྒྱུ་དེ་རེད། དབྱི་ལང་གསར་བརྗེ་སྲུང་དམག་མཁའ་དམག་དམག་དཔུང་གི་དམག་སྤྱི་ཧ་ཅི་ཀྲ་ཏི་ཡིས་ཕྱི་ཕྱོགས་ལ་བསྒྲགས་རྒྱུར། གལ་ཏེ་དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་མཐའ་མཚམས་བརྒལ་ནས་དབྱི་ལང་ལ་འཇབ་རྒོལ་བྱས་ན། དབྱི་ལང་གི་མཁའ་སྲུང་དམག་དཔུང་ལ་དེ་རྡུལ་དུ་བརླག་ནས་ཚུང་ཡོང་ཡོད་ཀྱང་ཕར་འགྲོ་མེད་པ་ཞིག་ཏུ་གཏོང་བའི་ནུས་པ་ཡོད་ཟེར།

འདི་ནི་ཟླ11པའི་ཚེས22ཉིན་དབྱི་ལང་དབྱིན་སྐད་བརྙན་འཕྲིན་ཁང་གིས་འདོན་སྤྲོད་བྱས་པའི་དབྱི་ལང་མཁའ་སྲུང་དམག་དཔུང་མཁའ་སྲུང་དམག་སྦྱོང་དུ་ཞུགས་པའི་བརྙན་རིས་རེད།

ལོ་ཙཱ་བ། ཕྱུག་ལོ།

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号