tu
རང་རེའི་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཞིང་ཆེན་བུད་མེད་བྱིས་པའི་སྨན་ཁང་གི་གནོད་ཐེབས་བྱིས་པ་རྣམས་ལ་གཅེས་སེམས་ཕུལ།
སྤེལ་དུས།  2011-05-15 12:41:38    རྡེབ་ཚད།     ཡོང་ཁུངས། 

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ནོར་བུ་མཚོ་དང་གུ་རུ་མཚོ་མོ་གཉིས་ཀྱིས་བཀོད་པའི་གསར་འགྱུར།
    ཟླ4བའི་ཚེས18ཉིན་གྱི་ཕྱི་དྲོར་རང་རེའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་དང་བཅས་པའི་ལས་བྱེད་མི་སྣ་སྐོར་ཞིག་བྲེལ་འཚུབ་ཆེ་བའི་བྱ་བའི་ཁྲོད་ནས་ཞིང་ཆེན་བུད་མེད་བྱིས་པའི་སྨན་ཁང་དུ་སོང་སྟེ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལས་བྱེད་མི་སྣ་ཡོངས་ཀྱི་ཚབ་བྱས་ཏེ་ཡུལ་ཤུལ་ས་འགུལ་ཁྲོད་རྨས་ཕོག་པའི་བྱིས་པ་རྣམས་ལ་སྙིང་ཉེ་བའི་བའི་འཚམས་འདྲི་བྱས་པར་མ་ཟད། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལས་བྱེད་མི་སྣ་ཚོས་ཐེངས་གཉིས་པར་ཞལ་འདེབས་སུ་ཕུལ་བའི་སྒོར་མོ་སྟོང་བཞི་ཡིས་བྱིས་པའི་རྩེད་སྤྱད་སོགས་ཉོས་ནས་བྱིས་པ་རྣམས་ལ་ང་ཚོ་བོད་སྐད་རླུང་འཕྲིན་གྱི་ལས་བྱེད་མི་སྣའི་གཅེས་སེམས་ཕུལ།
ཉིན་དེར་ཞིང་ཆེན་བུད་མེད་བྱིས་པའི་སྨན་ཁང་དུ་ཐེངས་འདིའི་གནོད་ཐེབས་ས་ཁུལ་ནས་ཡོང་བའི་བྱིས་པ་རྨས་མ༧༠ལྷག་ལ་སྨན་བཅོས་བྱེད་བཞིན་ཡོད། རང་རེའི་ལས་ཁུངས་ཀྱི་ལས་བྱེད་མི་སྣས་བྱིས་པ་རྨས་མ་རྣམས་ལ་ཞོ་དང་འོ་མ། རྩེད་ཆས་སོགས་བསྡོམས་པས་སྒོར༤༠༠༠ལྷག་གི་དངོས་བོ་ཉོས་ནས་ནད་ཁང་རེ་རེར་སོང་སྟེ་བྱིས་པ་རྣམས་ལ་བལྟས།

 

2010041910271562.JPG

རང་རེའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གྱིས་སྨན་ཁང་འདི་གའི་ཡོན་ཀྲང་ཏུའུ་ལ་རྨས་མའི་གནས་ཚུལ་འདྲི་བཞིན་པ།

 20100419102802890.JPG

རང་རེའི་ལས་ཁུངས་ཀྱི་ལས་བྱེད་མི་སྣས་གནོད་ཐེབས་བྱིས་པ་རྣམས་ལ་བསྐྱལ་ཡོང་བའི་བཟའ་བཏུང་དང་རྩེད་ཆས།

 20100419102834234.JPG

རང་རེའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གྱིས་གནོད་ཐེབས་བྱིས་པ་ལ་རྩེད་ཆས་སྟེར་བཞིན་པ།

20100419105320906.JPG

 རང་རེའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གྱིས་དང་བླངས་མཁན་ལ་འཚམས་འདྲི་བྱེད་བཞིན་པ།

20100419104549765.JPG

 རང་རེའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གྱིས་བྱིས་པ་རྨས་མའི་ཁྱིམ་བདག་ལ་འཚམས་འདྲི་བྱེད་བཞིན་པ།

2010041910470493.JPG

 རང་རེའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གྱིས་བྱིས་པ་རྨས་མར་རྩེད་ཆས་གནང་བཞིན་པ།

支持此新闻
返回首页
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
"
པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2011 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣         青ICP备05002201号-2