བོད་སྐད་རླུང་འཕྲིན་གྱིས་ཕུལ་བའི་ལོ་གསར་ལེགས་སྐྱེས།
སྤེལ་དུས།  2012-01-25 19:26:49    རྡེབ་ཚད།     ཡོང་ཁུངས། རང་རེའི་ལས་ཁུངས།

  P1040335_副本_副本.JPG

ཐད་གཏོང་མི་སྣ་བསྟན་འཛིན་དང་རིག་འཛིན་རྡོ་རྗེ། རིན་ཆེན་འཚོ། ཟླ་བཟང་སྒྲོལ་མ་བཅས་ཀྱིས་བོད་ཆུ་ཕོ་འབྲུག་གི་དཔྱིད་ཀྱི་ལྷ་དར་ཐོག་མ་སྐྱེས་སུ་འབུལ་བ།
ཉིས་སྟོང་བཅུ་གཉིས་ལོའི་སྤྱི་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་ཏེ་ལུགས་རྙིང་གི་རབ་རྒྱན་ཆུ་ཕོ་འབྲུག་ལོའི་རྒྱ་ལོའི་ཚེས་གཅིག་ཉིན་ནས་བཟུང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་བོད་ཆུ་ཕོ་འབྲུག་ལོའི་ལོ་སར་ཐད་གཏོང་ལེ་ཚན་༼ལོ་གཡང་བཀྲ་ཤིས་བརྩེགས་པ་༽ཞེས་པའི་མུ་འབྲེལ་ཐད་གཏོང་ལེ་ཚན་བཞི་རྒྱ་ཆེའི་ཉན་མཁན་རྣམས་པར་ལོ་གསར་གྱི་ལེགས་སྐྱེས་སུ་བཀོད་བསྒྲིགས་བྱས་ཡོད།
ལོ་སར་ཐད་གཏོང་ལེ་ཚན་༼ལོ་གཡང་བཀྲ་ཤིས་བརྩེགས་པ་༽ཞེས་པའི་མུ་འབྲེལ་ལེ་ཚན་སོ་སོར་རྒྱ་ལོའི་ཚེས་གཅིག་ཉིན་གྱི་སྔ་དྲོའི་དཔྱིད་ཀྱི་ལྷ་དར་ཐོག་མ་དང་དགོང་མོའི་དཔྱིད་ཀྱི་མཆོད་ཆང་ཐོག་མ། ཚེས་གཉིས་དགོང་མོའི་དཔྱིད་ཀྱི་དགའ་འབོད་ཐོག་མ། ཚེས་གསུམ་དགོང་མོའི་དཔྱིད་ཀྱི་དགྱེས་འཛོམས་ཐོག་མ་བཅས་ཡིན།
རྒྱ་ལོའི་ཚེས་གཅིག་ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་ནས་བཅུ་གཅིག་བར་གྱི་ཆུ་ཚོད་བཞིའི་རིང་ལ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྤྱིའི་ལྟ་སྐུལ་བ་གཞོན་པ་ལྷ་བརྟན་དང་རིག་རྩལ་རྩོམ་སྒྲིག་པ་བསོད་ནམས་བསྟན་འཛིན། སྒྲིག་འཇུག་པ་འཇིགས་མེད་ཆོས་འཕགས་སོགས་འབྲེལ་ཡོད་ལས་རེས་མི་སྣས་འབད་བརྩོན་འོག་སྐབས་འདིའི་རྩོམ་སྒྲིག་པ་དང་མགོ་འཛིན་པ་རིག་འཛིན་རྡོ་རྗེ་དང་ཟླ་བཟང་སྒྲོལ་མ། ཁྲིད་གཏོང་བ་རིན་ཆེན་འཚོ་གསུམ་གྱིས་དཔྱིད་ཀྱི་ལྷ་དར་ཐོག་མ་ཞེས་པའི་ཐད་གཏོང་ལེགས་འགྲུབ་བྱུང་། ཉིན་དེའི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་བཅུ་གཅིག་བར་གྱི་དཔྱིད་ཀྱི་མཆོད་ཆང་ཐོག་མ་ཞེས་པའང་གོང་གསལ་འབྲེལ་ཡོད་མི་སྣའི་རམ་འདེགས་འོག་ལེ་ཚན་དེའི་རྩོམ་སྒྲིག་པ་དང་མགོ་འཛིན་པ་འབྲུག་ལྷ་རྒྱལ་དང་མགོ་འཛིན་པ་གུ་རུ་མཚོ་མོ། ཁྲིད་གཏོང་བ་བསྟན་འཛིན་གསུམ་གྱིས་ཐད་གཏོང་ལེགས་འགྲུབ་བྱུང་།
ད་ལྟ་མུ་མཐུད་ནས་ཚེས་གཉིས་དང་གསུམ་གྱི་དགོང་མོའི་ཐད་གཏོང་ལེ་ཚན་དག་མགོ་འཛིན་པ་འབྲུག་ལྷ་རྒྱལ་དང་རིག་འཛིན་རྡོ་རྗེ། གུ་རུ་མཚོ་མོ། ཟླ་བཟང་སྒྲོལ་མ་བཅས་རེས་སྐོར་ནས་ཐད་གཏོང་བྱེད་ཀྱིན་ཡོད་ཅིང་ཐམས་ཅད་ལེགས་འགྲུབ་འབྱུང་བ་དང་ཀུན་གྱི་ཐུགས་འདུན་དང་འཚམ་པའི་སྨོན་འདུན་ཞུ།
གསར་འགོད་པ། རིག་འཛིན་རྡོ་རྗེ།
支持此新闻
返回首页
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
"
པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2011 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣         青ICP备05002201号-2