སྐབས་བཞི་བའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།
2013.11.11 ཁུངས། ཀློག་གྲངས། 61

སྐབས་བཞི་བའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ།

ཟླ11པའི་ཚེས1ཉིན། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་པེ་ཅིན་བོད་སྨན་ཁང་དང་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་གཉིས་ཀྱིས་ལྷན་དུ་སྤེལ་བའི་སྐབས་བཞི་བའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་པེ་ཅིན་དུ་བསྡུས་ཤིང་། བོད་ལྗོངས་དང་སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་བཞིའི་བོད་ཁུལ་དང་ཧྲན་ཞི་སོགས་ས་ཁུལ་གྱི་སློབ་མ་དང་། པེ་ཅིན་གྱི་བོད་ལུགས་གསོ་རིག་བྱ་བ་སྒྲུབ་མཁན་མི100ལ་ཉེ་བ་ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་དབུ་བརྙེས་པའི་མཛད་སྒོར་ཞུགས་པ་མ་ཟད། དུས་ཡུན་ཉིན10ཡི་ཟབ་སྦྱོང་དུ་ཞུགས་པ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ནི་བོད་ལྗོངས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དགའ་བོ་ཡིས«འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་།»འཆད་ཁྲིད་བྱེད་པ་དང་། ཟབ་སྦྱོང་འཛིན་གྲྭའི་འཆད་ཁྲིད་གནས་ཚུལ