ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

སོར་རྩེ་ལས་འཁྲུངས་པའི་རེབ་གོང་ལྷ་རིས་སྒྱུ་རྩལ།

སྤེལ་དུས། 2016-07-24 09:59:10   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཐུབ་བསྟན།

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཐུབ་བསྟན་གྱིས་བཀོད་པའི་གསར་འགྱུར།

ལྷ་རིས་སྒྱུ་རྩལ་ནི་བོད་མི་རིགས་ཀྱི་ཤེས་རབ་ཀྱི་རྩལ་ལས་ཐོན་པའི་རིག་གནས་ཀྱི་ཉིང་བཅུད་ཅིག་ཡིན་ལ། བོད་མི་རིགས་ཀྱི་རིག་གནས་སྤྱིའི་ཁྲོད་ན་འོད་ཟེར་ལམ་ལམ་དུ་འཕྲོ་བའི་སྐར་ཆེན་ཞིག་ཀྱང་ཡིན། རེབ་གོང་ལྷ་རིས་སྒྱུ་རྩལ་ལ་མཚོན་ནའང་བོད་ཡུལ་དང་རྒྱལ་ནང་། ཐ་ན་འཛམ་གླིང་སྒང་འདི་ན་སྙན་གྲགས་ཧ་ཅང་ཆེ་བ་དང་། འབྲི་བཞེངས་ཀྱི་ཐད་ནས་ཀྱང་བྲིས་ཐང་དང་འཇིམ་བཟོ། གཙགས་དྲུབ་སོགས་ནང་དོན་དང་རྣམ་པ་མི་འདྲ་བ་མང་པོ་ཡོད་ལ། མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་ངོམ་དུ་རུང་བའི་རིག་གནས་ཁྱད་པར་བ་ཞིག་ཡིན་པ་མ་ཟད། འདིས་ཕུལ་དུ་བྱུང་བའི་སྒྱུ་རྩལ་གྱི་ཁྱད་ཆོས་མང་པོས་རྒྱལ་ཁབ་ཕྱི་ནང་ཀུན་གྱི་མཁས་པ་དང་སྒྱུ་རྩལ་པ། ལྟད་མོ་བ་སོགས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱས་ཡོད་པའི་ཁར། ལོ་རྒྱུས་ཀྱི་བཞུར་རྒྱུན་ཁྲོད་དུ་ལྷ་རིས་སྒྱུ་རྩལ་འཕེལ་རྒྱས་ཀྱི་ཐད་ལ་བྱས་རྗེས་བསམ་གྱིས་མི་ཁྱབ་པ་བཞག་ཡོད་པས། རེབ་གོང་སྒྱུ་རྩལ་གྱི་ཞིང་ཁམས་ཞེས་སྙན་གྲགས་ཧ་ཅང་ཆེའོ།།

2016ལོའི་ཟླ7པའི་ཚེས22ཉིན། ཀྲུང་གུང་རྨ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཐུན་རིན་རྫོང་མི་དམངས་སྲིད་གཞུང་། གཅན་ཚ་རྫོང་མི་དམངས་སྲིད་གཞུང་། རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་། ཧི་ནན་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་བྱས་པ་དང་། རྫོང་ཁག་བཞིའི་རིག་རྩལ་རྒྱང་སྒྲོག་ཡུལ་སྐོར་ཅུའུ་དང་ཁུལ་རེབ་གོང་སྒྱུ་རྩལ་ཁང་། ཁུལ་མང་ཚོགས་སྒྱུ་རྩལ་ཁང་། ཁུལ་མི་རིགས་གླུ་གར་ཚོགས་པ། ཁུལ་རིག་རྫས་སྲུང་སྐྱོབ་དོ་དམ་ཅུའུ་བཅས་ཀྱིས་རོགས་སྒྲུབ་བྱས་པའི2016ལོའི་ཀྲུང་གོ་རེབ་གོང་ཐང་ག་སྒྱུ་རྩལ་དངོས་མང་སྟོན་ཚོགས་དེ་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་དུ་གཟབ་རྒྱས་ངང་བསྡུས།

ཚོགས་འདུ་འདི་ལྟ་བུ་ཞིག་ཚོགས་པའི་དམིགས་ཡུལ་ནི་རེབ་གོང་སྒྱུ་རྩལ་གྱི་གསོན་ཉམས་ལྡན་པའི་བྱེ་བྲག་གི་ནང་དོན་དང་རྣམ་པ་དག་མི་རྣམས་ཀྱི་མིག་མདུན་དུ་བཤམས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རེབ་གོང་གི་རིག་གནས་སྒྱུ་རྩལ་ལ་རྒྱུས་ལོན་ཡོད་པ་དང་ཕྱོགས་ཡོངས་ནས་གཏིང་ཇེ་ཟབ་ཏུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་རེབ་གོང་རིག་གནས་སྒྱུ་རྩལ་དང་རིག་གནས་གཞན་དག་གི་བར་དུ་འབྲེལ་ལམ་ཟབ་མོ་གཟུགས་རྒྱུ་དང་། རེབ་གོང་སྒྱུ་རྩལ་ཚད་ལྡན་ཅན་དང་སྤུས་ལེགས་ཅན་གྱི་བགྲོད་ལམ་སྟེང་དུ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རེབ་གོང་སྒྱུ་རྩལ་མུ་མཐུད་ནས་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་དང་རེབ་གོང་སྒྱུ་རྩལ་གྱི་མཚན་སྙན་རྒྱལ་ཁབ་ཕྱི་ནང་ཀུན་ལ་བསྒྲགས་རྒྱུ་དེ་རེད།

ཚོགས་ཆེན་འདི་མགོ་བརྩམས་པའི་ཉིན་མོར་རེབ་གོང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་གྲུབ་འབྲས་འགྲེམ་སྟོན་དང་ལྷ་རིས་སྒྱུ་རྩལ་བ་ཆེན་མོ་དག་གི་བརྩམས་ཆོས་འགྲེམ་སྟོན། སྐབས་གསུམ་པའི་ཀྲུང་གོ་རེབ་གོང་ཐང་ག་བཞེངས་རྩལ་འགྲན་སྡུར་བཅས་བྱ་འགུལ་གྱི་ནང་དོན་གསུམ་སྤེལ།

ཐེངས་འདིའི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་སྟེང་པར་རིས་དང་ཡི་གེའི་རྣམ་པ་བརྒྱུད་དེ། རེབ་གོང་རིག་གནས་སྲུང་སྐྱོབ་ཚོད་ལྟ་ཁུལ་བཙུགས་པ་ནས་བཟུང་ད་ལྟའི་བར་དུ་བླངས་པའི་གྲུབ་འབྲས་དག་འགྲེམ་སྟོན་བྱས་པ་མ་ཟད། ཞིང་ཆེན་རིམ་པ་ཡན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས17དང་། གཙགས་དྲུབ་དང་འཇིམ་བཟོ། ཤིང་བརྐོས། སྲོལ་རྒྱུན་གྱི་མདའ་གཞུ། པར་ཤིང་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས14ལྷག་འགྲེམ་སྟོན་བྱས་པ་རེད། རེབ་གོང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས་པ་བརྒྱུད། གཟུགས་འདས་ཤུལ་བཞག་རིག་གནས་དེ་མང་ཚོགས་ཀྱི་དོན་དངོས་འཚོ་བའི་ནང་དུ་སིམ་པར་བྱས་ལ། མང་ཚོགས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་ལ་བཟུང་བའི་གོ་རྟོགས་ཀྱི་ཚད་མཐོར་འདེགས་སུ་བཏང་བ་མ་ཟད། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལ་མང་ཚོགས་ཀྱི་རྨང་གཞི་ལེགས་པོ་ཞིག་བཏིང་བའི་ཁར། སྔོན་ཐོན་གྱི་རིག་གནས་འཛུགས་སྐྲུན་དང་རིག་གནས་འཕེལ་རྒྱས་འགྲོ་བར་ཕན་ནུས་ཆེན་པོ་ཐོན་པ་རེད།

ལྷ་རིས་བ་དག་གི་བརྩམས་ཆོས་ཚོམས་ཆེན་བཞིའི་ནང་དུ་འགྲེམ་སྟོན་བྱས་ཡོད་ལ། ཚོམས་ཆེན་ཀ་བའི་ནང་དུ་གཙོ་བོ་རེབ་གོང་གི་དམངས་སྲོལ་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དག་འགྲེམ་སྟོན་བྱས་ཡོད་པ་དང་། ཚོམས་ཆེན་ཁ་བའི་ནང་དུ་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་བརྗོད་གཞིར་བཟུང་སྟེ། རྒྱུན་སྤྱོད་ཀྱི་སྨན་བཅོས་བྱེད་ཆས་དང་རྩྭ་སྨན་གྱི་སྐོར་སོགས་འགྲེམ་སྟོན་བྱས་ཡོད་ལ། ཚོམས་ཆེན་ག་བ་དང་ང་བའི་ནང་དུ་གཙོ་བོ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རེབ་གོང་ལྷ་རིས་སྒྱུ་རྩལ་པའི་བརྩམས་ཆོས་གྲགས་ཅན་དག་འགྲེམ་སྟོན་བྱས་ཡོད།

སྐབས་གསུམ་པའི་རེབ་གོང་ཐང་ག་བཞེངས་རྩལ་འགྲན་སྡུར་ཁྲོད་ཕྱོགས་སོ་སོ་ནས་ཡོང་པའི་འགྲན་ཞུགས་པ575ཡོད་ལ། འགྲན་སྡུར་བྱེད་སྐབས་ཚོ་ཆུང་ཀ་བ་དང་ཁ་བ་གཉིས་སུ་བགོས་ནས་འགྲན་སྡུར་བྱས་པ་དང་། ཚོ་ཆུང་ཀ་བའི་འབྲི་བཞེངས་བྱ་རྒྱུའི་ཐང་ག་ནི་སློབ་དཔོན་པདྨ་འབྱུང་གནས་ཡིན་ལ། ཚོ་ཆུང་ཁ་བའི་འབྲི་བཞེངས་བྱ་རྒྱུའི་ཐང་ག་ནི་ཐུགས་རྗེ་ཆེན་པོ་ཕྱག་བཞི་བ་ཡིན། འགྲན་ཞུགས་པ་རྣམས་ཀྱིས་ཆུ་ཚོད་གཉིས་ལྷག་གི་རིང་ལ་ཐང་ག་འབྲི་བཞེངས་བྱས་མཐར། བོད་ལྗོངས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་ནས་སླེབས་པའི་དགེ་རྒན་ཆེན་མོ་བ་རྣམས་དང་། རེབ་གོང་ས་གནས་ཀྱི་མཁས་པ་དང་མིང་ཏུ་གྲགས་པའི་ལྷ་རིས་སྒྱུ་རྩལ་པ་དག་གིས་འབྲི་བཞེངས་བྱས་ཡོད་པའི་ཐང་ག་རྣམས་ལ་གཟིགས་ཞིབ་དང་དཔྱད་འཇོག་བྱས་རྗེས་བརྩམས་ཆོས100བདམས་ཏེ་བྱ་དགའ་གནང་བ་དང་། དེའི་ཁྲོད་ནས་བརྩམས་ཆོས་ལེགས་ཤོས60བདམས་ཏེ། ཕུལ་བྱུང་བྱ་དགའ་ནས་རིམ་བཞིན་ཨང་གསུམ་པའི་བར་དུ་དགར་ནས་བྱ་དགའ་གནང་།

ཚོགས་ཆེན་འདིས་རེབ་གོང་ཐང་གའི་སྒྱུ་རྩལ་དྲིལ་བསྒྲགས་བྱ་རྒྱུ་དང་། ཁྱབ་བརྡལ་དུ་གཏོང་བའི་གོམ་སྟབས་སྔར་བས་ཇེ་མགྱོགས་སུ་བཏང་བ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་བཏང་སྟེ། མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་མང་པོ་ཞིག་རྒྱུད་འཛིན་དང་དར་སྤེལ་དུ་གཏོང་རྒྱུར་ཕན་ནུས་ཆེན་པོ་ཐོན་པ་དང་། རྒྱལ་ཁབ་ཕྱི་ནང་ཀུན་གྱི་མི་རྣམས་ལ་རེབ་གོང་རིག་གནས་སྒྱུ་རྩལ་ལ་རྒྱུས་མངའ་ཡོད་པར་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་མུ་མཐུད་ནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བ་དང་། མཚར་སྡུག་ལྡན་པའི་རེབ་གོང་རིག་གནས་སྒྱུ་རྩལ་གྱི་མ་འོངས་པའི་ལམ་ཁ་སྔར་བར་ཡངས་པ་ཞིག་བྱ་རྒྱུའི་ཐད་ལ་ཕན་ནུས་ཆེན་པོ་ཐོན་རྒྱུ་རེད།

1.jpg

ཚོགས་ཆེན་སྟེང་དུ་ཕེབས་པའི་འགོ་ཁྲིད་ལྷན་རྒྱས།

6.jpg

པར་ཤིང་རྐོ་བ།

7.jpg

འབྲུ་རིགས་སྣ་ལྔས་བཟོས་པའི་རི་མོའི་སྒྱུ་རྩལ།

8.jpg

རེབ་གོང་ཡུལ་གྱི་ཐང་ག་འབྲི་བཞེངས་བྱེད་པའི་སྡེ་ཚོ་ཆེན་པོ་ལྔ།

9 (1).jpg

ཐང་ག་བཞེངས་པའི་རྣམ་པ།

10.jpg

 འགྲེམ་སྟོན་ལ་ཞུགས་པའི་བརྩམས་ཆོས།

11.jpg

 འགྲེམ་སྟོན་ལ་ཞུགས་པའི་བརྩམས་ཆོས།

12.jpg

 འགྲེམ་སྟོན་ལ་ཞུགས་པའི་བརྩམས་ཆོས།

13.jpg

ཐང་ག་འབྲི་བཞེངས་བྱེད་བཞིན་པ།

14.jpg

ཐང་ག་བཞེངས་བཞིན་པ།

15.jpg

ཐང་ག་བཞེངས་བཞིན་པ།

17.jpg

ཐང་ག་བཞེངས་བཞིན་པ།

18.jpg

དཔྱད་འདེམས་པ་དག་གིས་བརྩམས་ཆོས་ལ་གཟིགས་བཞིན་པ།

19.jpg

དཔྱད་འདེམས་པ་དག་གིས་བརྩམས་ཆོས་ལ་གཟིགས་བཞིན་པ།

20.jpg

དཔྱད་འདེམས་པ་དག་གིས་བརྩམས་ཆོས་ལ་གཟིགས་བཞིན་པ།

22.jpg

ཁྱད་འཕགས་བྱ་དགའ་ཐོབ་མཁན་གྱི་འགྲན་ཞུགས་པ།

24.jpg

བྱ་དགའ་ཨང་དང་པོ་ཐོབ་པའི་འགྲན་ཞུགས་པ།

25.jpg

བྱ་དགའ་ཨང་གཉིས་པ་ཐོབ་པའི་འགྲན་ཞུགས་པ།

26.jpg

བྱ་དགའ་ཨང་གསུམ་པ་ཐོབ་པའི་འགྲན་ཞུགསཔ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།