ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

པདྨ་རྫོང་གིས་"ཟུང་འབྲེལ་བཞི་དང་ངེས་པར་བཞི"ཡི་བྱེད་ཐབས་སྤྱད་ནས་"སུམ་སྦྲེལ་བཞི་སྒྲུབ"བྱ་འགུལ་གཏིང་ཟབ་སྒོས་སྤེལ།

སྤེལ་དུས། 2017-03-06 11:46:02   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

པདྨ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཡིག་ཆ་ཨང་དང་པོ་བརྒྱུད་བསྒྲགས་དང་"སུམ་སྦྲེལ་བཞི་སྒྲུབ་"བྱ་འགུལ་གཞི་རིམ་དུ་བསྐྱོད་པའི་བྱ་བའི་གྲུབ་འབྲས་ལ་ཁག་ཐེག་བྱེད་ཆེད་རྫོང་གི་རྩ་བའི་གནས་ཚུལ་དང་གཞི་རིམ་བྱ་བའི་གནས་ཚུལ་དངོས་དང་འབྲེལ་ནས་"ཟུང་འབྲེལ་བཞི་དང་ངེས་པར་བཞི་"ཡི་བྱེད་ཐབས་གསར་བ་སྤྱད་ནས་ལས་བྱེད་པ་བརྒྱ་ཕྲག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ལ་སྐུལ་འདེད་བྱས།

14.jpg

སྒྲོག་འགྲེལ་བྱ་འགུལ་དེ་ཏང་གི་སྲིད་ཇུས་དང་ཚོགས་འདུའི་དགོངས་དོན་རབ་དང་རིམ་པར་ཟུང་འབྲེལ་བྱེད་པ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་རིམ་བྱུང་གི་ཚང་འཛོམས་གྲོས་ཚོགས་བཅོ་བརྒྱད་པ། ཞིང་ཆེན་ཏང་ཨུའི་སྐབས་རིམ་བྱུང་གི་ཚང་འཛོམས་གྲོས་ཚོགས་བཅུ་གཉིས་པ། ཁུལ་ཨུའི་སྐབས་རིམ་བྱུང་གི་ཚང་འཛོམས་གྲོས་ཚོགས་བཅུ་གཅིག་པ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཡིག་ཆ་ཨང་དང་པོ། ཀྲུང་དབྱང་ཞིང་སྡེ་བྱ་བ།ཞིང་ཆེན་ཏང་ཨུའི་ཞིང་སྡེ་དང་ཕྱུགས་ལས་ས་ཁུལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་ཏང་དང་རྒྱལ་ཁབ་ཀྱི་འདུན་པ་རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་མང་ཚོགས་ཁྲོད་དོན་འཁྱོལ་མཐར་ཕྱིན་བྱེད་པ།མིག་སྔའི་བར་ཤང་ཡོངས་ནས་སྡེ་བའི་"ཨུ་ལྷན་གཉིས་"ཀྱི་ཚོགས་འདུ་དང་ཏང་ཡོན་ཚོགས་འདུ་། དམངས་ཀྱི་ཚོགས་འདུ་བཅས་གྲོས་ཚོགས་ཐེངས་བཅོ་བརྒྱད་ལ་འཚོགས་པ་དང་དྲིལ་བསྒྲོགས་ཡིག་ཆ་ཆིག་སྟོང་ལྷག་བཀྲམ།

སྒྲོག་འགྲེལ་བྱ་འགུལ་དང་ཐོན་སྐྱེད་འཕེལ་རྒྱས་སྐུལ་འདེད་ཟུང་འབྲེལ་བྱེད་པ ། ཕན་འབྲས་མཐོ་བའི་འདེབས་གསོའི་ལག་རྩལ་ཁྱབ་བརྡལ་བཏང་ནས།ས་ཞིང་དང་རྩ་རའི་འཁོར་བསྐྱོད་གོ་རིམ་ལྡན་པར་སྐུལ་འདེད་བྱེད་པ།མང་ཚོགས་ཀྱི་ཁྱད་འཕགས་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་དང།དཔྱིད་དུས་ཀྱི་ཕྱུགས་ལས་ཐོན་སྐྱེད། གནོད་འཚེ་སྔོན་འགོག རྩ་ཐང་ནགས་ཚལ་མེ་འགོག ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས། ཞིང་ལས་འཕེལ་རྒྱས་ཕྲན་ཤས་སོགས་ཀྱི་ཕྱོགས་སུ་གནས་པའི་དངོས་ཡོད་དཀའ་གནད་དག་ཧུར་ཐག་གིས་ཐག་གཅོད་བྱ་དགོས། མང་ཚོགས་ལ་སྣེ་ཁྲིད་ཀྱིས་ཐོན་སྐྱེད་ལས་གཉེར་བྱེད་ཐབས་བཅོས་བསྒྱུར་དང་། ཕན་འབྲས་མཐོ་བའི་སྣ་འཛོམས་ཆ་ཚང་རང་བཞིན་གྱི་ལག་རྩལ་ཁྱབ་བརྡལ་གཏོང་བ།རྣམ་པ་གསར་བའི་ལས་གཉེར་གཙོ་བོ་འཕེལ་རྒྱས་དང་ནུས་ཤུགས་ཡོད་དགུས་ཞིང་ཕྱུགས་ལས་ཀྱི་རྒྱུ་སྤུས་མཐོ་རུ་གཏོང་དགོས་། སྡེ་བའི་"ཨུ་ལྷན་གཉིས་"ཀྱི་ཚན་ཁག་གིས་ནུས་པ་གང་ལེགས་འདོན་སྤེལ་བྱས་ནས་ཐོན་ལས་རྣམ་གྲངས་ལེགས་འདེམས་བྱེད་པར་རོགས་རམ་བྱ་དགོས་།

སྒྲོག་འགྲེལ་བྱ་འགུལ་དང་གནད་འཁེལ་དབུལ་སྐྱོར་ཟུང་འབྲེལ་བྱེད་པ།བརྟན་འཇགས་ངང་འཕར་བ་དང་བཅོས་བསྒྱུར་ལ་ཡར་སྐུལ། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་འདོགས་སོགས་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁབ་ཁང་གི་གལ་ཆེའི་སྲིད་ཇུས་དང་བྱེད་ཐབས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་དགོས་པ་དང་། རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་མི་འདང་སར་ཆད་གསབ་བྱེད་པ། དབུལ་ཕོངས་ཞིང་སྡེ་ཡི་ཆུ་གློག་ལམ་དྲ་སྡོད་ཁང་སོགས་ཤུགས་ཞན་སར་ཡིད་གཟབ་བྱེད་པ། ཐོན་ཁུངས་བཀོད་སྒྲིག་ལེགས་སྒྲུབ་བྱས་ཏེ་དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་བཅོས་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། རྣམ་པ་གསར་བའི་ལས་ཁུངས་དང་ཁེ་ལས། ལས་དོན་སྡེ་ཚན་ “གནད་འཁེལ་དབུལ་སྐྱོར”དང་“ལས་བྱེད་པའི་ཆ་སྒྲིག་རོགས་སྐྱོར”བྱ་བ་ཏན་ཏིག་ངང་སྐུལ་སྤེལ་བྱེད་པ་དང་། ཏང་སྲིད་འགོ་ཁྲིད་ཀྱིས་དབུལ་ཕོངས་ཞིང་སྡེ་དང་གལ་ཆེའི་ཞིང་སྡེ་ལ་འབྲེལ་བ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་དབུལ་སྐྱོར་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།

སྒྲོག་འགྲེལ་བྱ་འགུལ་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་པའི་ལས་ཀ་གཉིས་ཟུང་འབྲེལ་བྱེད་པ། ལས་སྒྲུབ་ཚོ་ཆུང་གིས་བརྟན་བརླིང་སྲུང་སྐྱོང་བྱེད་པ་དེ་གཞི་རྩའི་འོས་འགན་ཞིག་ཏུ་ངོས་བཟུང་ནས། མང་ཚོགས་ཀྱི་བསམ་བློའི་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་ཐད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། སྡེ་བའི“ ཨུ་ལྷན་གཉིས”ལ་བརྟེན་ནས་ཞིབ་བཤེར་དང་རྒྱུས་ལོན་གཏིང་ཟབ་བྱས་ཏེ་མཐོང་ཐོས་མྱོང་གྲུབ་ཀྱི་གནས་ཚུལ་དངོས་ལ་རྒྱུས་ཡོད་དགོས་པ་དང་གདེང་ཚོད་ཡོད་པ་ཞིག་བྱེད་དགོས་ལ། ཞིབ་བཤེར་གཙང་དག་བྱས་ནས་ཐོན་པའི་འགལ་བ་དང་གནད་དོན་ལ་གཞིགས་ནས་རང་འགུལ་ངང་ས་གནས་དེ་གའི་ཞང་དང་གྲོང་རྡལ། འབྲེལ་ཡོད་སྡེ་ཁག ཞང་རིམ་པ་དང་རྫོང་རིམ་པའི་འགོ་ཁྲིད་དང་འབྲེལ་བ་བྱས་ནས་ལས་བྱེད་མི་སྣ་དང་འགན་འཁྲི། ལས་ཚད་གསུམ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས་ལ། གཏིང་ཟབ་ཞིབ་ཕྲའི་སྒོ་ནས་བསམ་བློའི་ལས་ཀ་དང་ལམ་སྟོན་ལས་ཀ། འགལ་འདུམ་ལས་ཀ་ལེགས་སྒྲུབ་བྱས་ཏེ་གནད་དོན་གཞི་རིམ་ནས་ཐག་གཅོད་དང་འགལ་བ་གཞི་རིམ་ནས་འདུམ་འགྲིག་བྱེད་པ་དངོས་སུ་དོན་འཁྱོལ་ཡོང་བ་བྱ་དགོས།

ངེས་པར་དུ་རང་སྟེང་གི་སློབ་སྦྱོང་གཙོ་བོར་འཛིན་དགོས་སྟེ། ལྕགས་རྡུང་ན་རང་སྟེང་མཁྲེགས་དགོས་ཟེར་བ་བཞིན་ལས་སྒྲུབ་ཚོ་ཆུང་དང་སྒྲོག་འགྲེལ་ཚོ་ཆུང་སོ་སོའི་ཁོངས་མི་རྣམས་ནས་སྔོན་ལ་སློབ་སྦྱོང་དང་སྔོན་ལ་རྒྱུས་ལོན། སྔོན་ལ་ཁོང་དུ་ཆུད་པར་བྱ་དགོས། ཡིག་ཆའི་དགོངས་དོན་དངོས་ལ་གོ་བ་ཡང་དག་ལོན་ཚེ་ད་གཟོད་རྣམ་པ་འདྲ་མིན་སྣ་ཚོགས་བརྒྱུད་ནས་ཡིག་ཆ་ཨང་དང་པོ་གཉིས་སོགས་ཀྱི་ཞིང་དར་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་དང་། ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་གལ་ཆེའི་ཐབས་ཇུས་སྒྲིག་གཤོམ་དག་གཞི་རིམ་དུ་བརྒྱུད་བསྒྲགས་བྱ་ཐུབ།
ངེས་པར་དུ་སྒྲོག་འགྲེལ་ནན་ཏན་གྱིས་བྱེད་པ།ལས་སྒྲུབ་ཚོ་ཆུང་དང་སྒྲོག་འགྲེལ་ཚོ་ཆུང་སོ་སོའི་དེབ་ངོས་གཞིར་བཟུང་གི་ཡིག་ཆ་སྒྲོག་སྦྱོང་ཙམ་བྱེད་པའི་བྱེད་ལུགས་སྟབས་བདེ་དེ་བསྐྱུར་ནས། ཆེད་དོན་སློབ་སྦྱོང་འཛིན་གྲྭ་དང་། སྙན་ཞུ་ཚོགས་འདུ། བཞུགས་མོལ་ཚོགས་འདུ། དམངས་ཀྱི་ཚོགས་འདུ། སྒྲོག་འགྲེལ་ཡིག་ཆ་བཀྲེམ་པ་སོགས་སྣ་མང་རང་བཞིན་གྱི་རྣམ་པ་གསར་བ་དང་། གོ་བདེ་རྟོགས་སླ་ལ་ཐོས་དགའ་མཐོང་སྤྲོ་ཡི་བྱེད་ཐབས་གསར་བ་སྤྱད་དེ། ཡོངས་ཁྱབ་ཀྱིས་གཏིང་ཟབ་སྒོས་ཡིག་ཆ་ཨང་དང་པོ་གཉིས་སོགས་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་རབ་དང་རིམ་པ་གཙོ་བྱས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དག་སྒྲོག་འགྲེལ་ནན་མོ་བྱེད་དགོས་ལ། ཧུར་ཐག་གིས་དྲིལ་བསྒྲགས་སློབ་སྦྱོང་གི་གླེང་ཕྱོགས་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་དགོས།

ངེས་པར་དུ་སྒྲོག་འགྲེལ་ནང་དོན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ།སྒྲོག་འགྲེལ་གྱི་གོ་རིམ་ཁྲོད་དུ་སྡེ་བའི་ཏང་ཡོན་ལས་བྱེད་ལ་སྒྲོག་བཤད་དང་སློབ་སྦྱོང་བྱེད་དུ་འཇུག་པ་མ་ཟད་ཏང་ཡོན་ཚོགས་འདུ་དང་དམངས་ཀྱི་ཚོགས་འདུ་སོགས་འཚོགས་དགོས། སྒྲོག་འགྲེལ་ཁྱབ་ཚུལ་ཆེ་རུ་འགྲོ་བར་ནུས་པ་བླ་ལྷག་འདོན་པ་རྒྱུན་འཁྱོངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་སྲིད་ཇུས་སྣ་ཚོགས་ཁྱིམ་ཚང་རེ་རེ་དང་མི་རེ་རེ་ལ་ཤེས་རྟོགས་བྱུང་བར་བྱེད་དགོས།

ངེས་པར་དུ་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་ལ་རྒྱུན་འཁྱོངས་བྱེད་པ།ལས་སྒྲུབ་ཚོ་ཆུང་གིས་དོན་དངོས་གཞིར་འཛིན་པ་རྒྱུན་འཁྱོངས་ཀྱིས་སྒྲོག་འགྲེལ་ཟབ་ཚད་ལས་ཕན་འབྲས་འཚོལ་བ་དང་། སྡེ་བ་སོ་སོའི་དོན་དངོས་གཞིར་བཟུང་ཏེ། ལུས་ལ་ཚད་ནས་གོས་འཚེམ་ཞེས་པ་བཞིན་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་སྲིད་ཇུས་དགོངས་དོན། མ་ཟད་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་གལ་ཆེའི་ཐབས་ཇུས་སོ་སོ་དམངས་ལ་ཤེས་སུ་འཇུག་པ་དང་མི་སེམས་ཀྱི་ཟབ་སར་འཁེལ་བར་བྱེད་དགོས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།