ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

རྨ་ཆུ་རྫོང་གི་གསུམ་བརྒྱད་བུད་མེད་དུས་ཆེན་གྱི་བྱ་འགུལ་སྤེལ།

སྤེལ་དུས། 2017-03-07 14:45:25   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔའ་ཁོ།

 ཟླ་གསུམ་པའི་རྨ་ཆུ་ནི་དངུལ་དཀར་གྱི་འཇིག་རྟེན་དང་མཚུངས་པར་ག་ས་གང་དུ་རབ་དཀར་ཁ་བའི་གཡོགས་འདུག རྫོང་གི་ལམ་འགྲམ་གྱི་གློག་སྒྲོན་ཕྲེང་བསྟར་སྒྲིག་ཡོད་ཅིང་། གྲལ་དག་ཅིང་ཉམས་དགའ་བའི་སྡོད་ཁང་གྲལ་བསྒྲིགས་ཡོད་ལ། ཨར་འདམ་བྱུགས་ཡོད་པའི་ལམ་ངོས་གཙང་མ་སོགས་ཀྱིས་རྨ་ཆུའི་རང་བྱུང་གི་མཛེས་སྡུག་མངོན་པར་བྱས་ཡོད་པ་མཐོང་ཐུབ།

གསུམ་པའི་ཚེས་དྲུག་ཉིན་རྨ་ཆུ་རྫོང་བུད་མེད་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་གསུམ་བརྒྱད་བུད་མེད་དུས་ཀྱི་བྱ་འགུལ་སྤེལ། སྔ་དྲོའི་ཉི་གཞོན་དང་འགྲོགས་ནས་དུས་ཆེན་དགའ་སྟོན་ལ་གོ་རིམ་ཡོད་པ་དང་རྩ་འཛུགས་ཡོད་པ། སྤྲོ་སྣང་རང་བཞིན་གྱིས་ཁེངས་པའི་རྩེད་མོ་གྱ་ནོམ་པ་ཞིག་དུས་ཆེན་གྱི་སྒོ་མོ་ཕྱེས་ཞིང་།རྨ་ཆུ་རྫོང་གི་བུད་མེད་རྣམས་ཀྱི་ཉིན་བཅུ་ཕྲག་ལྷག་གི་སྔོན་ནས་བཟུང་རྩེད་རིགས་ཕུན་སུམ་ཚོགས་པ་ཞིག་གྲ་སྒྲིག་བྱས་ཡོད། ཐེངས་འདིའི་བྱ་འགུལ་ལ་ལས་རིགས་སོ་སོའི་བུད་མེད་འཐུས་ཚབ་པ་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་སོགས་མི་ཁྱོན་ལྔ་བརྒྱ་ལྷག་ཡོད།

སྔ་མོ་དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང༼ཡ་རབས་ཁྱིམ་ཚང༽༼ཁྱོ་ཤུག་འཆམ་མཐུན༽༼གནས་གཅེས་ལས་བརྩོན༽༼རྒན་བཀུར་གཉེན་སྐྱོང༽སོགས་གཟེངས་བསྟོད་བྱ་དགའ་བྱིན།ཕྱི་དྲོ་ལས་ཁུངས་སོ་སོའི་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པ་ཞིག་རྣ་བའི་བདུད་རྩི་དང་མིག་གི་དགའ་སྟོན་དུ་དྲངས་ནས་བུད་མེད་དུས་ཆེན་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

བུད་མེད་ནི་གནམ་གྱི་ཕྱེད་ཀ་ཟེར་བ་བཞིན་ཁོ་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་བདེ་ཐང་ཡར་སྐུལ་གྱི་ཁ་གཡང་དྲོན་མོ་ལྟེ་བར་བཟུང་ནས་དུས་ཚོད་གཅིག་དང་ཕྱེད་ཀའི་བྱ་འགུལ་གར་གྱི་སྟངས་སྟབས་བར་ནས་བདེ་ལེགས་ངང་མཇུག་སྒྲིལ།

最美家庭颁奖.jpg

༼ཡ་རབས་ཁྱིམ་ཚང༽སོགས་གཟེངས་བསྟོད་བྱ་དགའ་ཐོབ་པའི་མི་སྣ།

照片 559.jpg

རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

照片 1020.jpg

བྱ་དགའ་ཐོབ་པའི་འཁྲབ་སྟོན་ཚོགས་པ།

照片 775.jpg

རིག་རྩལ་འཁྲབ་སྟོན།

照片 1124.jpg

ཐེངས་འདིར་ཞུགས་པའི་འབྲེལ་ཡོད་མགོ་ཁྲིད་དང་འཁྲབ་སྟོན་པའི་མཉམ་པར།

རྨ་ཆུ་རྫོང་ནས་འབྱོར་བའི་གསར་འགྱུར། གསར་འགོད་པ་ལྷ་མོ་དང་རྟ་མགྲིན་ཚེ་རིང་།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།