ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

རྨ་ཆུ་རྫོང་གི་ཁ་བའི་རྗེས་ཀྱི་སྤྱི་ཕན་ལས་དོན།

སྤེལ་དུས། 2017-03-16 09:52:50   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔའ་ཁོ།

ཉིན་འདིར་འགར་བསྟུད་མར་རྨ་ཆུ་རྫོང་དུ་ཁ་བ་ཆེན་པོ་བབས་ནས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས། རྨ་ཆུ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་རྩ་འཛུགས་འོག ཤང་དང་གྲོང་རྡལ་སོ་སོའི་མི་སྣས་འཁྱག་པ་ཆགས་ཡོད་པའི་གཞུང་ལམ་དང་ལམ་ཕྲན་སོགས་སུ་ཁ་བ་ཕྱགས་པའི་བྱ་འགུལ་སྤེལ།

ཁ་བ་འབབ་ཐེངས་འདིས་མཁའ་དབུགས་ཀྱི་གཤེར་ཚད་ཇེ་མཐོ་དང་མཁའ་དབུགས་ཇེ་གཙང་དུ་བཏང་ནས་འབྱིན་རྔུབ་མ་ལག་གི་རིམས་ནད་བྱུང་ཚད་ཇེ་དམའ་དང་། དུས་མཚུངས་སུ་རྩྭ་ཐང་དང་ནགས་ཚལ་ལ་མེ་སྐྱོན་འབྱུང་བའི་ཉེན་ཁ་མེད་པར་བཟོས་མོད། འོན་ཀྱང་གནམ་གཤིས་དྲོད་ཚད་མར་བབས་ནས་འགྲིམ་འགྲུལ་གྱི་བདེ་འཇགས་དང་། འབྲོག་ཁུལ་གྱི་རྟ་ནོར་ལུག་གསུམ་ལ་གཟན་རྩྭ་མེད་པར་བྱས་པ་སོགས་ཀྱི་གངས་སྐྱོན་གནོད་འཚེའང་མི་ཉུང་བ་བསྐྱལ་ཡོད་པ་རེད།

རྨ་ཆུ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་དུས་ཐོག་ཏུ་མཁོ་བསྟུན་མྱུར་སྒྲུབ་ཀྱི་ལས་ཀར་ཞུགས་ནས། ཁ་བ་འདེད་བྱེད་ཀྱི་འཕྲུལ་འཁོར་རིགས་རྩ་འཛུགས་བྱས་ཏེ། གཞུང་ལམ་སྟེང་གི་ཁ་བ་ཕྱགས་པ་དང་། ཁ་བའི་སྟེང་ལ་ས་དང་བྱེ་མ་གཏོར་ནས་ཉིན་མཚན་མེད་མར་ལས་ལ་ཞུགས་པར་བརྟེན། གཞུང་ལམ་སྟེང་གི་ཁ་བ་ཁྱོན་ཡོངས་ནས་ཞུ་ཡོད་པ་དང་། རླངས་འཁོར་སོགས་བདེ་འཇགས་ངང་འགྲོ་ཐུབ།

རྒྱུས་ལོན་ལྟར་ན། རྫོང་ཡོངས་སུ་ཁ་བ་ཆེན་པོ་བབས་རྗེས། རྨ་ཆུ་རྫོང་གི་འབྲེལ་ཡོད་སྡེ་ཁག་སོ་སོ་མཁོ་བསྟུན་མྱུར་སྒྲུབ་ཀྱི་ལས་ལ་ཞུགས་ནས་རང་རང་གི་ལས་འགན་ལྟར་གངས་སྐྱོན་གནོད་འགོག་གི་བྱ་བ་སྒྲུབ་བཞིན་ཡོད་པ་དང་། དྲིལ་སྒྲོག་སྡེ་ཁག་དང་རྒྱང་སྒྲོག་བརྙན་འཕྲིན་སོགས་ཀྱིས་རང་ནུས་འདོན་སྤེལ་བྱས་ཏེ་བརྙན་འཕྲིན་དང་རྒྱང་སྒྲོག  དྲ་ལམ་སོགས་བརྒྱུད་ནས་དུས་ལྟར་མང་ཚོགས་ལ་གནམ་གཤིས་སྔོན་བརྡ་དྲིལ་སྒྲོག་བྱས།

QQ图片20170310120716_副本.jpg

འགྲིམ་འགྲུལ་ལས་ཁུངས་དག་གིས་གཞུང་ལམ་གྱི་ཁ་བ་ཕྱགས་བཞིན་པ།

image001(1).jpg

གཞུང་ལམ་གྱི་ཁ་བའི་སྟེང་ས་དང་བྱེ་མ་གཏོར་བཞིན་པའི་དང་བླངས་བ།

IMG_0449_副本.jpg

སློབ་རྭའི་ཁ་བ་ཕྱགས་བཞིན་པའི་སློབ་མ།

IMG_0494_副本.jpg

རྨ་ཆུ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་དུས་ཐོག་ཏུ་མཁོ་བསྟུན་མྱུར་སྒྲུབ་ཀྱི་ལས་ཀར་ཞུགས་ནས་ཁ་བ་འདེད་བཞིན་པ།

QQ图片20170310120647_副本.jpg

གཞུང་ལམ་གྱི་ཁ་བ་འདེབ་བཞིན་པའི་ལས་ཁུངས་སོ་སོའི་དང་བླངས་བ།

照片 015.jpg

སྲང་ལམ་གྱི་ཁ་བ་ཕྱགས་བཞིན་པ།

རྨ་ཆུ་རྗོང་ནས་འབྱོར་བའི་གསར་འགྱུར། གསར་འགོད་པ། ལྷ་མོ་དང་ཏིང་འཛིན་རྒྱལ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།