ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

ཀྲུང་གོ་བོད་ཀྱི་དྲ་བས་སྐབས་དང་པོའི་འཕྲུལ་རྟ་རྟགས་མའི་གླུ་ཤགས་འགྲན་སྡུར་རྨ་ཡུལ་ཁྲི་ཀ་རུ་བསྡུས།

སྤེལ་དུས། 2017-03-18 09:19:51   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐལ་བཟང་རྣམ་རྒྱལ།

ཟླ་གསུམ་པའི་བཅོ་ལྔ་ཉིན་གྱི་དགུང་མོར། ཀྲུང་གོ་བོད་ཀྱི་དྲ་བ་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཉི་ཟླ་གུར་ཁྱིམ་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་མཉམ་སྒྲུབ་བྱས་པའི་སྐབས་དང་པོའི་འཕྲུལ་རྟ་རྟགས་མའི་གླུ་ཤགས་འགྲན་སྡུར་ཁྲི་ཀ་རྫོང་སྐལ་བཟང་ནོར་བུ་གླིང་དུ་བསྡུས།

ཐེངས་འདིའི་འཕྲུལ་རྟ་རྟགས་མའི་གླུ་ཤགས་འགྲན་ཚོགས་ཀྱི་གླུ་བ་གླུ་བ་རྣམས་ནི་དེ་སྔོན་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་དང་མཚོ་སྔོན་ཞིང་ཆེན་གྱི་ཐེམ་ཆེན་རྫོང་། མདོ་ལ་རྫོང་བཅས་འགྲན་ཁུལ་ལྔ་ནས་བསྐྱར་འགྲན་བྱས་ཏེ་གླུ་བ་གླུ་མ་བདུན་ཅུ་ལས་གླུ་བ་བཅུ་གཅིག་དང་གླུ་མ་བརྒྱད་བཅས་བསྡོམས་པས་མི་བཅུ་དགུ་རྟིང་རྩོད་འགྲན་བསྡུར་ནང་ཞུགས་ཤིང་། ཛ་དྲག་ཆེ་ཞིང་དང་སྙན་འཇེབས་ལྡན་པའི་གླུ་སྐད་ཀྱི་ཁྲོད་དུ་དགོང་མོའི་དུས་ཚོད་དྲུག་ལྷག་ལ་འགྲན་བསྡུར་བྱས་མཐར། རྐང་ཚའི་གླུ་བ་ཚེ་ཕྱུག་རྒྱལ་དང་མདོ་ལའི་གླུ་མ་སྲིང་གཞིས་གཉིས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། རྩེ་ཁོག་གླུ་བ་སྐལ་བཟང་དང་རྐང་ཚའི་གླུ་བ་ཀླུ་འབུམ་ཚེ་རིང་།རྐང་ཚའི་གླུ་མ་གསེར་བཟང་སྒྲོལ་མ།མདོ་ལའི་གླུ་མ་འབྲུག་མོ་བཞི་ལ་བྱ་དགའ་ཨང་གཉིས་པ་ཐོབ།དེ་མིན་གླུ་བ་གླུ་མ་དྲུག་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་འཕྲོ་མ་མི་བདུན་ལ་ཕུལ་བྱུང་བྱ་དགའ་ཐོབ།གཟེངས་རྟགས་བྱ་དགའ་ལ་རིན་གོང་མི་འདྲ་བའི་འཕྲུལ་རྟ་གཅིག་རེ་དང་པི་ཝང་རེ་བྱིན།

ཐེངས་འདིའི་གླུ་ཤགས་འགྲན་སྡུར་ནི་བོད་ཀྱི་དམངས་སྲོལ་རིག་གནས་ལས་ངག་རིག་སྒྱུ་རྩལ་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ། སྒོས་སུ་ཡུལ་མདོ་སྨད་ཕྱོགས་སུ་དར་ཁྱབ་ཆེ་ཞིང་མང་ཚོགས་ཀྱི་ཆེས་དགའ་བསུ་ཐོབ་པའི་གླུ་ཤགས་རིག་གནས་རིམ་གྱིས་ཉམས་རྒུད་དུ་འགྲོ་བར་དམིགས་ཏེ་ཡབ་མེས་དམ་པ་རྣམས་ཀྱི་ཤུལ་བཞག་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་ཆེད་དང་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་དུ་བསྡུས་པའི་འགྲན་ཚོགས་ཤིག་ཡིན།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།