ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

མཚོ་སྔོན་ཞིང་ཆེན་ནོར་སྲིད་སྡེ་ཁག་གིས་མ་དངུལ་སྒོར་ཐེར་འབུམ་བརྒྱད་བཏང་ནས་ཞིང་ཆེན་ཡོངས་ཀྱི་བཟོ་སྐྲུན་ལས་གཞི་གཙོ་བོའི་འཛུགས་སྐྲུན་ལ་རོགས་འདེགས་བྱས།

སྤེལ་དུས། 2017-03-18 10:37:44   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྷ་མོ་ཚེ་རིང་།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། ཞིང་ཆེན་ནོར་སྲིད་སྡེ་ཁག་གིས་ཧུར་ཐག་གིས་སྔོན་དུ་མ་དངུལ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྔ་སྣུར་གྱིས་མ་དངུལ་སྒོར་ཐེར་འབུམ་བརྒྱད་བཏང་ནས། འགྲིམ་འགྲུལ་དང་ཆུ་བེད། སློབ་གསོ། སྡོད་ཁང་སོགས་བཟོ་སྐྲུན་གཙོ་བོ་སྔོན་ལ་མགོ་རྩོམ་པར་རྒྱབ་སྐྱོར་བྱས་པ་དང་ནུས་ཡོད་ཀྱིས་ལས་གཞི་གལ་ཆེན་ལ་མ་དངུལ་མི་འདང་བའི་གནས་ཚུལ་ཐག་གཅོད་བྱས།

ཐེངས་འདིར་བཏང་བའི་མ་དངུལ་ཁྲོད། མཚོ་སྔོན་ཞིང་ཆེན་ནོར་སྲིད་སྡེ་ཁག་གིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ལས་གཞི་བདུན་ལ་སྡོམ་པས་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་ལྔ་བཏང་ནས་གཙོ་བོར་པེ་ཅིན་ནས་མདོ་དབུས་མཐོ་སྒང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲ་མ་ལུང་ནས་རིག་སྨོན་བར་དང་ཆི་ལེན་རྫོང་གི་དམངས་བཀོལ་གནམ་གྲུ་ཐང་། ན་གོར་མོའི་གནམ་གྲུ་ཐང་རྒྱ་བསྐྱེད་འཛུགས་སྐྲུན་བྱེད་པ་སོགས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་གལ་ཆེན་འཛུགས་སྐྲུན་བྱེད་པའི་ལས་གཞིར་རྒྱབ་སྐྱོར་བྱས། གལ་ཆེ་བའི་ཆུ་བེད་ལས་གཞི་བཞིར་སྡོམ་པས་མ་དངུལ་སྒོར་དུང་ཕྱུར་བདུན་བཏང་ནས་གཙོ་བོར་རྨ་ཆུའི་གཞུང་རྒྱུན་གྱི་ཆུ་ལོག་འགོག་པའི་བཟོ་སྐྲུན། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ་སོགས་གལ་ཆེའི་ཆུ་བེད་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱས། མ་དངུལ་སྒོར་དུང་ཕྱུར་བདུན་བཏང་ནས་དམངས་ཚིས་བཟོ་སྐྲུན་ལས་གཞི་གཙོ་བོར་རྒྱབ་སྐྱོར་བྱས། གསར་དུ་ལས་མགོ་ཚུགས་པའི་ལས་གཞི་གསུམ་ལ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བཏང་ནས་གཙོ་བོར་ཟི་ལིང་གནམ་གྲུ་ཐང་གི་དུས་རིམ་གསུམ་པའི་རྒྱ་བསྐྱེད་འཛུགས་སྐྲུན་དང་ཉིས་སྟོང་བཅུ་བདུན་ལོའི་ཁང་རྙིང་ཁུལ་བསྒྱུར་བཀོད་ལས་གཞི། ཉིས་སྟོང་བཅུ་བདུན་ལོའི་ཞིང་སྡེའི་ཁང་རྙིང་དང་ཉེན་ཁང་བསྒྱུར་བཀོད་ལས་གཞི་སོགས་ལ་རྒྱབ་སྐྱོར་བྱས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།