ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་གེ་སར་རིག་གནས་སྲུང་སྐྱོབ་བྱེད་པའི་ལོ་ལྔའི་འཆར་གཞིའི་བྱ་བ་མགོ་བརྩམས།

སྤེལ་དུས། 2017-03-18 10:45:02   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐལ་བཟང་རྣམ་རྒྱལ།

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་གེ་སར་རིག་གནས་སྲུང་སྐྱོབ་བྱེད་པའི་ལོ་ལྔའི་འཆར་གཞིའི་བྱ་བ་མགོ་བརྩམས། ཐེངས་འདིའི་གཞི་ཁྱོན་ཆེ་བ་དང་ནང་དོན་ཕུན་སུམ་ཚོགས་པ། མ་དངུལ་གཏོང་ཚད་ཅུང་མང་བའི་གལ་ཆེའི་བཟོ་སྐྲུན་འདི་བརྒྱུད་ནས་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་ཡུས་ཧྲུའུ་མིང་རྟགས་འཛུགས་སྐྲུན་བྱེད་རྒྱུ་རེད།

གེ་སར་རིག་གནས་ནི་བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་རང་རྒྱལ་མ་ཟད་འཛམ་གླིང་གི་རིག་གནས་བང་མཛོད་ཁྲོད་ཀྱི་རིག་དངོས་རྩ་ཆེན་ཞིག་ཡིན། ཡུས་ཧྲུའུ་ཁུལ་དེ་གེ་སར་རིག་གནས་ཀྱི་ཤུལ་བཞག་རིག་དངོས་ཁྱབ་ཚད་རྒྱ་ཆེ་བ་དང་དངོས་བསྟན་གྱི་ས་མིང་དང་མིའི་མིང་ཆེས་མང་བ། གཞས་གདངས་ཕུན་སུམ་ཚོགས་པ། རིགས་སོ་སོའི་སྒྱུ་རྩལ་རུ་ཁག་མང་བའི་གེ་སར་རིག་གནས་ཁྱབ་ཡུལ་ཡིན་པས་གེ་སར་རིག་གནས་སྲུང་སྐྱོབ་དང་འཚོལ་ཞིབ། བསྡུ་སྒྲིག་པར་སྐྲུན་བྱེད་པའི་བྱ་བའི་ཁྲོད་པར་གཞི་མང་པོ་འདོན་སྤྲོད་བྱས་ཡོད་མོད། ཡིན་ཡང་སྲུང་སྐྱོབ་བྱེད་པའི་བྱ་བར་མ་ལག་གི་འཆར་འགོད་དང་རྒྱུན་མཐུད་རང་བཞིན་གྱི་འཐབ་ཇུས་བསམ་བློ་དཀོན་པས་གེ་སར་རིག་གནས་སྲུང་སྐྱོབ་བྱ་བར་ཐར་ཐོར་གྱི་རྣམ་པ་ཞིག་མངོན་ཡོད།

ཐེངས་འདིའི་ཁྱོན་ཡོངས་ནས་ཡུས་ཧྲུའུ་ཁུལ་གྱི་རིག་གནས་བཟོ་སྐྲུན་གལ་ཆེན་ཏེ་གེ་སར་རིག་གནས་སྲུང་སྐྱོབ་བྱེད་པའི་ལོ་ལྔའི་འཆར་གཞི་ལག་བསྟར་བྱས་པ་དེར་གེ་སར་རིག་གནས་ཀྱི་རིག་གཞུང་གཅེས་བསྡུས་བརྒྱ་དང་བརྒྱད། བོད་ཡིག་གི་རིག་གཞུང་བརྒྱ་པར་སྐྲུན་བྱེད་པ། རྒྱ་ཡིག་རིག་གཞུང་སུམ་ཅུ་པར་སྐྲུན་བྱེད་པ། གཞས་དབྱངས་ལེགས་གྲས་ཕྱོགས་སྒྲིག་བྱེད་པ། གཏམ་དཔེ་ལེགས་གྲས་ཁག་བདུན་པར་སྐྲུན་བྱེད་པ་སོགས་ལས་གཞི་འདུས་ཡོད། མིག་སྔའི་བར། པར་གཞི་ལེགས་འདེམས་གཏན་འབེབས་བྱས་ཡོད་པ་དང་ལོ་ཙཱའི་དཔྱད་གཞིའི་རྒྱུ་ཆའི་ལེགས་སྒྲིག་དང་པར་སྐྲུན། གེ་སར་རིག་གནས་ཀྱི་རྒྱ་བོད་སྐད་རིགས་གཉིས་ཀྱི་འཚོལ་ཞིབ་དང་ལེགས་སྒྲིག པར་སྐྲུན་སོགས་གཞི་རྩའི་སྟེང་ཡོངས་འགྲུབ་བྱས་ཡོད་ལ། འཁྲབ་གཞུང་ཉི་ཤུའི་བཤད་ལེན་གྱི་སྒྲ་ལེན་སྒྲིག་བཟོ་ཡོངས་འགྲུབ་བྱས་ཡོད།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།