ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བའི་ལོའི་བྱ་འགུལ་སྤེལ་མགོ་བརྩམས།

སྤེལ་དུས། 2017-03-19 09:47:27   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྷ་མོ་ཚེ་རིང་།

ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བའི་ལོའི་བྱ་འགུལ་གྱི་ལག་བསྟར་ཇུས་གཞི་དཔར་ནས་བཀྲམ་པ་དང་ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བའི་ལོའི་བྱ་འགུལ་སྤེལ་མགོ་བརྩམས། ཐེངས་འདིའི་བྱ་འགུལ་གྱིས་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཞང་གྲོང་གི་འཕྲོད་བསྟེན་ཁང་གཉིས་བྱ་འགུལ་ལག་བསྟར་བྱེད་ས་གཙོ་བོར་བྱེད་པ་དང་སྡོད་དམངས་ཀྱི་བདེ་ཐང་དཀྱིལ་སྙིང་དུ་འཛིན་པ། མང་ཚོགས་ཡིད་ཚིམ་པའི་ཞང་གྲོང་གི་འཕྲོད་བསྟེན་ཁང་འཛུགས་སྐྲུན་བྱེད་པ་དང་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུ་མཐོར་འདེགས་གཏོང་བའི་བཟོ་སྐྲུན་དམ་པོར་འཛིན་པ། གཞི་རིམ་སྨན་བཅོས་སྡེ་ཁག་གི་སྤྱི་བའི་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་ནས་ཐོག་མར་གཞི་རིམ་ནས་སྨན་པར་སྟོན་པ་དང་རིམ་པ་བགར་ཏེ་སྨན་བཅོས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བར་རྨང་གཞི་བརྟན་པོ་གཏོང་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། བྱ་འགུལ་གྱིས་ཚོད་ལྟའི་གནས་སུ་སྔོན་ལ་ལག་བསྟར་བྱེད་པ་དང་རིགས་བགར་ཏེ་སྐུལ་འདེད་གཏོང་བའི་རྩ་དོན་ལྟར། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་བོད་རིགས་རང་སྐྱོང་ཁུལ་གཉིས་སུ་ཁྱོན་ཡོངས་ནས་སྒོ་བསྟེན་སྨན་བཅོས་ཁང་གི་གཞི་རྩའི་སྨན་བཅོས་ཞབས་ཞུའི་མིང་འགོད་བྱ་བ་སྤེལ་རྒྱུ་རེད། དམིགས་ས་ཡོད་པའི་སྒོ་ནས་སྒོ་བསྟེན་སྨན་བཅོས་ཁང་དུ་རྒྱུན་དུ་མཐོང་བའི་ནད་དང་འབྱུང་སླ་བའི་ནད་རིགས་ཀྱི་སྨན་བཅོས་ནུས་པ་མཐོར་འདེགས་བཏང་སྟེ་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་གྱི་ནད། གློ་བའི་ནད་སོགས་རྒྱུན་ནད་ནད་པ་གཙོར་བཟུང་ནས་རྒྱུན་ནད་ཕྱོགས་བསྡུས་དོ་དམ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད། མྱུར་སྐྱོབ་ཁང་གསར་འཛུགས་དང་སྒྲིག་ཆས་སྒྲིག་བཀོད་བྱས་ཏེ་རྒྱུན་མཐོང་ནད་ཀྱི་མྱུར་བཅོས་ནུས་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་གཞི་རིམ་སྨན་བཅོས་མི་སྣའི་མྱུར་སྐྱོབ་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད། ད་ཡོད་ཀྱི་སྨན་བཅོས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་གཞི་རིམ་ནས་ཞིབ་བཤེར་བྱེད་པ་དང་གོང་རིམ་ནས་ནད་གཞི་བརྟག་དཔྱད་བྱེད་པའི་རྣམ་པ་བརྒྱུད་དེ་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་བེད་སྤྱོད་རང་བཞིན་དང་སྨན་བཅོས་ཞབས་ཞུའི་སྤྱི་ཡོངས་ནུས་པ་མཐོར་འདེགས་གཏོང་བ་དང་། སྨན་བཅོས་སྡེ་ཁག་ཁག་ཕན་ཚུན་བར་ཞིབ་བཤེར་བྱས་པའི་མཇུག་འབྲས་ཁས་ལེན་པ་དང་སྨན་བཅོས་སྒྲིག་ཆས་ཀྱིས་ནད་པའི་སྨན་གྱི་དགོས་མཁོ་སྐོང་ཐུབ་པར་སྐུལ་འདེད་བཏང་ནས་ཞིབ་བཤེར་དང་སྨན་རྫས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད། ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་ནུས་པ་མཐོར་འདེགས་གཏོང་བ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་དང་སྨན་རིགས་ཚོང་ཁང་འཛུགས་སྐྲུན་བྱས་ནས་ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།