ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

རྩེ་ཁོག་རྫོང་གིས་མཉམ་འབྲེལ་དྲ་རྒྱའི་སྟེགས་བུ་ལ་བརྟེན་ནས་དྲ་ཐོག་སློབ་གསོའི་སློབ་སྦྱོང་གི་རྣམ་པ་གསར་བ་བཏོད།

སྤེལ་དུས། 2017-03-20 08:58:09   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐལ་བཟང་རྣམ་རྒྱལ།

ཟླ་གསུམ་པའི་ཟླ་འགོ་ལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་མཚོ་སྔོན་ལས་བྱེད་པའི་དྲ་རྒྱ་རིག་པའི་སློབ་གླིང་གི་སློབ་གསོ་སྟེགས་བུ་དང་། རྩེ་ཁོག་རྫོང་ཏང་འཛུགས་སྟེགས་བུ། རྩེ་ཁོག་རྫོང་ཏང་འཛུགས་བྱ་བའི་རྩ་འཛུགས་གྱི་སྐད་འཕྲིན་སྟེགས་བུ་བཅས་ཀྱིས་མཉམ་འབྲེལ་སྒོས་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་སའི་མཉམ་འབྲེལ་དྲ་རྒྱ་བཙུགས་ཤིང་། ཏང་ཡོན་ལས་བྱེད་པའི་དྲ་བའི་སྐུད་ལམ་གོང་འོག་ཚང་མ་གཅིག་གྱུར་ཡིན་པའི་སློབ་གསོའི་སློབ་སྦྱོང་གི་རྣམ་པ་གསར་བ་བཏོད།

གསར་འགོད་པས་རྒྱུས་ལོན་བྱུང་པ་ལྟར་ན། རྫོང་དེའི་མཉམ་འབྲེལ་དྲ་རྒྱའི་སྟེགས་བུ་དེས་ཏང་གི་བྱ་བའི་ལས་གཉེར་བ་དག་ལ་དྲ་ཐོག་འབྲེལ་འདྲིས་དང་། མཉམ་འདུས་ཀྱིས་སློབ་སྦྱོང་བྱེད་པ། དཔེ་ཀློག་དང་མཉམ་རོལ། བློ་འབྱེད་བཅས་ཀྱི་ནུས་པ་རྒྱ་ཆེར་ལྡན་ཞིང་། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་རྣམས་ལ་ཆེད་ལས་རང་བཞིན་དང་། ཆེད་སྒྲིག་རང་བཞིན་སོགས་རྣམ་པ་མང་ཞིང་གསར་བ་ཡིན་པའི་དྲ་ཐོག་སློབ་སྦྱོང་གི་མ་ལག་སྟབས་བདེ་འདོན་སྤྲོད་བྱས་ཡོད་པ་རེད།
མིག་སྔར་འཕྲིན་སྟེགས་དེ་རྩེ་ཁོག་རྫོང་གི་བྱ་བའི་རྩ་འཛུགས་ཀྱི་དྲིལ་སྒྲོག་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། འཕྲིན་སྟེགས་སྟེང་དུ་ལས་རིགས་མཛུབ་སྟོན་བྱེད་པའི་ཆ་འཕྲིན་བརྒྱ་ལྷག་དང་། ཞང་དང་གྲོང་རྡལ་གྱི་ལས་ཁུངས་སོ་སོར་འབྲེལ་འདྲིས་བྱས་པའི་ཆ་འཕྲིན་བརྒྱ་དང་ལྔ་བཅུ། བསམ་ཚུལ་བསྡུ་ལེན་གྱི་ཆ་འཕྲིན་སུམ་ཅུ། ཉམས་མྱོང་བཟང་བོ་བཅུ་ལྷག་བཅས་སྤེལ་ཡོད་ལ། ཏང་ཡོན་དང་ལས་བྱེད་པས་སྤེལ་བའི་གཏམ་བརྗོད་སྟོང་ལྷག་ཡོད། རྫོང་ཡོངས་ནས་མི་དྲུག་བརྒྱ་དང་ལྔ་ཅུས་ཐོ་འགོད་བྱས་ཡོད་ལ། རྫོང་དང་ཞང་གི་ཐད་གཏོགས་ལས་ཁུངས་སོ་སོའི་ནང་གི་ལས་བྱེད་ཉིས་བརྒྱ་དང་ལྔ་ཅུས་ཐོ་འགོད་བྱས་ནས་ལས་བྱེད་ཡོངས་ཀྱི་སློབ་སྦྱོང་གི་དམིགས་ཚད་ལ་ཁེབས་པར་བྱས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།