ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཐེར་འབུམ་གཅིག་ལྷག་བརྩོན་ལེན་བྱས།

སྤེལ་དུས། 2017-03-20 09:03:44   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བའི་སྲིད་ཇུས་གོ་སྐབས་དམ་འཛིན་བྱས་ནས། ན་ནིང་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་རིགས་མི་འདྲ་བའི་ཆེད་སྤྱོད་མ་དངུལ་སྒོར་ཐེར་འབུམ་གཅིག་དང་བྱེ་བ་གསུམ་ས་ཡ་བདུན་བརྩོན་ལེན་དང་བཀོད་སྒྲིག་བྱས་པ་དང་། དེ2015ལོ་དང་བསྡུར་ན་བརྒྱ་ཆའི་བཅུ་དགུ་ལྷག་ཁ་སྣོན་བྱུང་ཡོད། དེ་དང་མཉམ་དུ། ཞིང་ཆེན་རིམ་པའི་ནོར་སྲིད་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བརྒྱད་ས་ཡ་གཉིས་བཀོད་སྒྲིག་བྱས་པ་དང་། ས་གནས་དང་སྤྱི་ཚོགས་ཀྱིས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་གཏོང་བར་སྣེ་ཁྲིད་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བཟོ་སྐྲུན་གལ་ཆེན་སྐོར་ཞིག་ལག་བསྟར་བྱས་པ་མ་ཟད། གནམ་སྔོ་ཆུ་དྭངས་དང་ཁྱིམ་གཞི་མཛེས་བསྒྱུར་གྱི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བྱ་བ་གཙོ་བོ་སྤེལ་བའི་ཐད་ནས་ཤུགས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱས།

ལོ་གཅིག་རིང་ལ། རྒྱལ་ཁབ་ཀྱི་དངུལ་གཏོང་ཚད་ཇེ་མང་དུ་སོང་བ་དང་བསྟུན་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནས་དཔལ་འབྱོར་དང་སྤྱི་ཚོགས་ཕན་འབྲས་བཟང་བོ་བླངས་པ་དང་། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་རྒྱ་འཛུགས་སྐྲུན་ཤུགས་ཡོད་པའི་སྒོ་ནས་སྤེལ་བ་དང་། གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་ཐོག་མ་འཛུགས་སྐྲུན་བྱས་པའི་རྨང་གཞིའི་སྟེང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སོགས་ས་ཁུལ་ནས་ལྟ་ཞིབ་ཚད་ལེན་བྱེད་ས་ཉེར་བཞི་བདམས་ནས་མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་མ་ལག་དང་རང་བྱུང་མཛེས་ལྗོངས། སྐྱེ་དངོས་སྣ་མང་ཅན་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པར་བྱས།

དེ་དང་མཉམ་དུ། ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་ལྔ་བརྩོན་ལེན་བྱས་ནས། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་དང་སྡེ་བ་ཧྲིལ་བོའི་དབུལ་ཐར་བྱེད་པ་གཉིས་ཕན་ཚུན་ཟུང་འབྲེལ་བྱེད་པར་མཐོང་ཆེན་དང་། སྡེ་བ་དང་འབྲོག་དམངས་གཏན་སྡོད་བྱེད་ས་ལྔ་བརྒྱའི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རོང་འབྲོག་ཁུལ་དང་ཤར་རྒྱུད་ཞིང་ལས་ཁུལ་གྱི་འཚོ་བའི་གད་སྙིགས་དང་བཙོག་ཆུའི་གནད་དོན་ཐག་བཅད། མིག་སྔར། བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བཏང་ནས་སྡེ་བ་དང་འབྲོག་དམངས་གཏན་སྡོད་བྱེད་ས་སྟོང་གཉིས་དང་ལྔ་བརྒྱ་བཅོ་ལྔར་བཅོས་སྐྱོང་བྱས་པ་དང་། དེ་ཞིང་ཆེན་ཡོངས་ཀྱི་རྫོང་དང་ཆུའུ་བརྒྱ་ཆའི་ང་བཞི་རུ་ཁེབས་པར་བྱས་ཡོད་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་སུ་ཡོངས་སུ་ཁེབས་པར་བྱས་ཡོད།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།