ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

ཁྲི་ཀ་རྫོང་གིས་ཤུགས་ཆེན་པོས་འདུས་སྡོད་དང་ལས་རིགས། ཡུལ་སྐོར་བཅས་ལ་འཕྲོད་པའི་མཁར་གྲོང་གསར་བ་བསྐྲུན།

སྤེལ་དུས། 2017-03-20 09:48:58   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

གྲོང་ལྔ་མཉམ་བསྐྲུན་གྱི་ལས་གཞི་སྤེལ་མགོ་བརྩམས་པ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་ནན་ཏན་སྒོས་རྒྱལ་ཁབ་དཔལ་ཡོན་གྲོང་ཁྱེར་དང་། རྒྱལ་ཁབ་ཁོར་སྲུང་དཔེ་སྟོན་གྲོང་ཁྱེར། རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར། རྒྱལ་ཁབ་འཕྲོད་བསྟེན་གྱི་གྲོང་དང་གྲོང་རྡལ། རྒྱལ་ཁབ་ནགས་རའི་གྲོང་དང་གྲོང་རྡལ་བཅས་ཀྱི་ལས་གཞི་གསར་འཛུགས་ཀྱི་དམིགས་ཚད་ལྟར། ཕྱོགས་ལྔའི་ཐད་ཀྱི་གནད་དོན་མ་ལུས་འཆར་འགོད་ལ་བརྟེན་ནས་ཐག་གཅོད་བྱས་ཏེ། ཕྱོགས་ལྔའི་ཐད་ཀྱི་ཆུ་ཚད་མཐོར་འདེགས་བཏང་ནས། ཤུགས་ཆེན་པོས་དཔལ་འབྱོར་སྟོབས་དང་ལྡན་ལ་མང་ཚོགས་ཕྱུག་པོ་ཡིན་པ། ཁོར་ཡུག་མཛེས་ཤིང་གཙང་བ། སྤྱི་ཚོགས་དཔལ་ཡོན་གྱི་ཚད་གཞི་མཐོ་བ་བཅས་ཀྱི་འདུས་སྡོད་དང་ལས་རིགས། ཡུལ་སྐོར་བཅས་ལ་ཧ་ཅང་འཕྲོད་པའི་ཁྲི་ཀ་གསར་བ་བསྐྲུན་དང་སྐྲུན་བཞིན་ཡོད།

གྲོང་དང་གྲོང་རྡལ་གྱི་དཔལ་ཡོན་ཚད་གཞི་ཇེ་མཐོར་གཏོང་ཆེད། ཁྲི་ཀ་རྫོང་གིས་སློབ་གསོའི་སྣེ་སྟོན་དང་དོ་དམ་ཚད་ལྡན་ཅན་གཉིས་རྒྱུན་འཁྱོངས་དམ་འཛིན་བྱས་ཏེ། ཧུར་བརྩོན་ཆེན་པོས་རྒྱ་ཆེ་བའི་མང་ཚོགས་ཡོངས་ལ་སྤྱི་ཚོགས་ཀྱི་སྤྱི་བའི་ཀུན་སྤྱོད་རང་རྟོགས་སྒོས་སྲུང་སྐྱོབ་བྱེད་པ་དང་། སྔོན་ཐོན་མི་སྣ་དང་ཚད་ལྡན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་གཅེས་དང་ཁྲིམས་སྲུང་། ཡིད་རྟོན། གུས་ཞབས་དང་ལྡན་པ་བཅས་ཀྱི་མཁའ་དབུགས་བཟང་བོ་བསྐྲུན། དུས་མཚུངས་སུ། ཆུ་མོ་དྭངས་ཤིང་གནམ་ངོ་དྭངས་པའི་བསམ་སྦྱོར་དང་ཁྱིམ་གཞི་མཛེས་ལྡན་གྱི་བྱ་འགུལ་སྤེལ་ནས། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་དང་། ཁྱོན་ཡོངས་ནས་ནུས་ཁུངས་གྲོན་ཆུང་གི་བྱེད་ཕྱོགས་དངོས་འབེབས་བྱས་ཏེ། གནོད་པ་མེད་ཅིང་ལྗང་མདོག་གིས་བརྒྱན་པ། སྐྱེ་ལྡན་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་རིགས་གསོ་སྤེལ་བྱས་པ་དང་། ལྗང་མདོག་དང་འཁོར་རྒྱུག ཐན་ཉུང་བཅས་ཀྱི་རྣམ་པ་གསར་བའི་བཟོ་ལས་བསྐྲུན། མི་གཞི་རྩ་ཡིན་པ་དང་རང་བྱུང་ཁམས་ལ་བརྩི་མཐོང་བྱེད་པ། ལོ་རྒྱུས་རྒྱུན་འཛིན་བྱེད་པ། ལྗང་མདོག་ཐན་ཉུང་གི་འདུ་ཤེས་བཅས་རྒྱུན་འཁྱོངས་བྱེད་པ་མཁར་གྲོང་འཆར་འགོད་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱས་ཏེ། ཁོར་ཡུག་གི་རྒྱུ་སྤུས་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱས་མཐར། ཁྱོན་ཡོངས་ནས་གྲོང་ཁྱེར་གྱི་མི་འདུས་སྡོད་ལ་ཕན་པའི་ཆུ་ཚད་ཇེ་མཐོར་བཏང་།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།