གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སློབ་གསོ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། དར་ལག་རྫོང་གིས་ཕྱོགས་མང་པོ་ནས་འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་བྱས།
སློབ་སྒྲུབ་བརྒྱུད་ལམ་རྒྱ་བསྐྱེད་པའི་ཕྱོགས་ནས། ཡུལ་གཞན་སློབ་སྒྲུབ་ལ་བརྟེན་ནས་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་བྱས་པ་དང་། དར་ལག་རྫོང་གི་སློབ་གསོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་པ། སློབ་མ་དང་ཁྱིམ་བདག་གི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པའི་རྨང་གཞིའི་སྟེང་ཕུལ་བྱུང་སློབ་མ་ཡུལ་གཞན་ལ་སློབ་སྦྱོང་བྱེད་པར་གདམ་མངག་བྱས།
2017ལོར་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་དང་གྲོས་མཐུན་བཀོད་དེ། ལོ་རེར་དམའ་འབྲིང་སློབ་མ་བཞི་བཅུ་དང་མཐོ་འབྲིང་སློབ་མ་སུམ་ཅུ་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་ལ་བསྐྱལ་ནས་སློབ་སྦྱོང་བྱེད་པ་དང་། 2018ལོ་ནས་བཟུང་ལོ་རེར་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་བཅོ་ལྔ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཁོངས་གཏོགས་སློབ་འབྲིང་ལ་བསྐྱལ་ནས་ལོ་གསུམ་གྱི་མཐོ་འབྲིང་གི་སློབ་སྦྱོང་དང་ལེན་བྱེད་དུ་བཅུག དེ་དང་མཉམ་དུ་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་གཉིས་པ་དང་མཉམ་དུ་གཅིག་གྱུར་འཆར་འགོད་དང་ཐོན་ཁུངས་མཉམ་སྤྱོད། གཙོ་བོར་བཟུང་ནས་རོགས་སྐྱོར་བྱེད་པའི་སློབ་ཞུགས་རྩ་དོན་ལྟར་དར་ལག་རྫོང་གི་སློབ་མས་སྔོན་ཐོན་ས་ཁུལ་གྱི་སྤུས་ལེགས་སློབ་གསོ་མྱོང་བའི་ཐད་ལ་ལྟ་ཚུལ་གཅིག་མཐུན་བྱུང་བ་དང་། འདི་ཡང་ཕུལ་བྱུང་འཇོན་མི་གསོ་སྐྱོང་བྱེད་པའི་འཐབ་ཇུས་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད།