མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་དུ་ལས་གཞི་ཉིས་བརྒྱ་དང་དོན་གསུམ་ལ་གན་རྒྱ་བཞག་སྟེ་དྲ་ཐོག་ནས་མིང་ཐོ་འགོད་མཁན་གྱི་ཚོང་བ་སྟོང་བརྒྱད་ལ་སླེབས།
2018.06.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

 སྐབས་བཅུ་དགུ་བའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྟ་གོན་ལས་རིམ་ཁྲོད། ལས་རིམ་ཁག་སོ་སོའི་བྱ་བ་བརྟན་འཇགས་ངང་སྤེལ་བཞིན་ཡོད། གཟའ་འཁོར་སྔོན་མའི་ནང་བར་དུ། ལས་གཞི་ཉིས་བརྒྱ་དང་དོན་གསུམ་ལ་གན་རྒྱ་བཞག་པ་དང་། སྤྱིའི་གངུལ་གཏོང་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གསུམ་ཐེར་འབུམ་དགུ་དུང་ཕྱུར་གསུམ་ཡན་ལ་སླེབས་པར་མ་ཟད། གན་རྒྱ་བཞག་ཚད་བརྒྱ་ཆའི་གོ་གསུམ་ལ་སླེབས། ཚོང་བ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་མིང་ཐོ་བཀོད་ཅིང་། ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོའི་བར་དུ་དྲ་ཐོག་ནས་མིང་ཐོ་འགོད་མཁན་གྱི་ཚོང་བ་སྟོང་བརྒྱད་ལས་བརྒལ། དེ་ནི་ན་ནིང་ལས་ཚོང་བ་སྟོང་གཉིས་ཀྱིས་ཇེ་མང་དུ་འཕར།