ལྔ་བའི་ཚེས་ལྔའི་དུས་ཆེན་སྔོན་དུ། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་གཅིག་བསྡུས་སྒོས་སྤེལ་བའི་སྲོལ་ངན་བཞིའི་གནད་དོན་རང་བཤེར་རང་བཅོས་བྱ་བ་དང་ཟུང་འབྲེལ་བྱས་ནས། སྲོལ་ངན་བཞིའི་གནད་དོན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་དང་། གནད་དོན་གྱི་གསལ་ཐོ་ལ་དབྱེ་ཞིབ་ནན་མོ་དང་དག་བཅོས་བྱེད་ཐབས་གཏན་ཁེལ་བྱས་ཏེ། ལས་ཁུངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ།
མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་སྒྲིག་ཁྲིམས་ཞིབ་བཤེར་སྡེ་ཁག་གིས་དུས་ཆེན་གཙོ་བོ་གོ་སྐབས་སུ་བརྩིས་ཏེ། རྒྱུན་མཐུད་ངང་སྒྲིག་ལམ་སློབ་གསོ་ལ་ཤུགས་བསྣན་པ་དང་། རིམ་པ་བཞིན་དུས་ཆེན་གྱི་སྲིད་གཙང་གསལ་འདེབས་གླེང་མོལ་བྱ་འགུལ་སྤེལ་ནས། ཏང་ཡོན་ལས་བྱེད་པར་སྔ་མོ་ནས་སློབ་གསོ་བཏང་བ་དང་རྒྱུན་དུ་གསལ་འདེབས་བྱས་པ་དང་། གནད་དོན་སྔ་མོ་ནས་རྙེད་པ་དང་སྔ་མོ་ནས་དག་བཅོས་བྱེད་ཐུབ་པར་བྱས། གནད་ཆེ་སར་འཐེན་ཞིབ་བྱེད་པ་དང་ཞིབ་བཤེར་མྱུར་སྒྲུབ། མངོན་བཤེར་ལྐོག་འདྲི་སོགས་རྣམ་པ་སྤྱད་དེ། བྱ་བའི་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་དུས་ཆེན་སྐབས་ཀྱི་སྒྲིག་ལམ་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ་དང་། སློབ་གསོ་དང་དོ་དམ་ནན་མོ་བྱེད་པ་བརྒྱུད་དེ། སྒྲིག་ལམ་སྒྲིག་སྲོལ་ཇེ་དམ་དུ་བཏང་བ་དང་། ཏང་ཡོན་ལས་བྱེད་པའི་རང་རྟོགས་སྒོས་གཏན་འགོག་བཅུ་ཡི་བླང་བྱ་བརྩི་སྲུང་བྱེད་པར་སྐུལ་འདེད་བཏང་ལ། ཐབས་མང་མཉམ་སྤྱོད་ཀྱིས་ལས་ཁུངས་ཀྱི་སྲིད་གཙང་སློབ་གསོའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ལས་ཁུངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱོད་གཙང་སྲོལ་བཟང་གི་དུས་ཆེན་གྱི་སྣང་ཚུལ་བསྐྲུན།