རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆུའི་རྒྱུ་སྤུས་ཧ་ཅང་བཟང་ཞིང་སྐྱེ་ཁམས་གནས་བབ་གཏན་འཇགས་ངང་ཇེ་ལེགས་སུ་སོང་།
2018.06.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

མཚོ་སྔོན་ཞིང་ཆེན་གྱི2017ལོའི་ཁོར་ཡུག་གནས་བབ་ཀྱི་སྤྱི་སྒྲོག་ཉེ་ལམ་སྤེལ་བ་དང་། ལྟ་ཞིབ་ཚད་ལེན་གྲུབ་འབྲས་ཆེས་གསར་བ་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་ནང་ཁོངས་ཀྱི་འབྲི་ཆུ་དང་རྨ་ཆུ། རྫ་ཆུའི་གཞུང་རྒྱུན་བཞུར་རྒྱུད་ཀྱི་ཆུའི་རྒྱུ་སྤུས་ཧ་ཅང་བཟང་བ་དང་། ས་དེའི་རྩི་ཤིང་གི་གཡོགས་ཚད་ཇེ་ཆེར་འགྲོ་བཞིན་ཡོད་ལ། མཁའ་དབུགས་ཀྱི་རྒྱུ་སྤུས་ཧ་ཅང་བཟང་ཞིང་སྐྱེ་ཁམས་གནས་བབ་གཏན་འཇགས་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཟེར།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དེ་མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་ཆགས་ཡོད་ལ། འབྲི་ཆུ་དང་རྨ་ཆུ། རྫ་ཆུའི་འགོ་ཁུངས་ས་ཆ་ཡིན་པ་དང་། དེ་ནི་ཡ་གླིང་གི་ལྟག་ཆུ་བསྐྱིལ་གསོག་ཁུལ་དང་སྐྱེ་ཁམས་བདེ་འཇགས་འགོག་ར་ཡིན། འབྲི་ཆུ་དང་རྫ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་འགན་འཁྲི་ལག་བསྟར་བྱེད་ཆེད། 2017ལོར། མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆུའི་བཙོག་བཟོ་འགོག་བཅོས་དང་ས་རྡུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་སོགས་བྱ་བ་ཁྱོན་ཡོངས་ནས་སྤེལ། རྨ་ཆུའི་འགོ་ཁུངས་ས་ཁུལ་སོགས་སུ་ཐན་མང་འདུས་རྡུལ་ཚ་འདོན་གློག་གི་ཁྲོ་ཐབ་ཁྱབ་གདལ་དུ་བཏང་སྟེ། གཙང་སྦྲ་དང་དྲོད་འདོན་ཐད་ནས་བཙོག་རྫས་གཅིག་ཀྱང་ཕྱིར་འདོན་བྱེད་རྒྱུ་མེད་པ་མངོན་འགྱུར་བྱས་པ་དང་། ས་བབ་མཐོ་སར་སྡོང་བོ་འཛུགས་དཀའ་བའི་གནད་དོན་ཐག་བཅད་དེ། རྒྱལ་ཁོངས་ལྗང་བསྒྱུར་གཞི་ཁྱོན་ལོ་སྔོན་མ་དག་གི་ལྡབ་གཉིས་ལྷག་ལ་སླེབས་པར་བྱས།

ཆེས་གསར་བའི་ལྟ་ཞིབ་ཚད་ལེན་གྲུབ་འབྲས་ལས་མངོན་པ་ལྟར་ན། 2017ལོར་འབྲི་ཆུའི་འགོ་ཁུངས་ས་ཁུལ་གཞུང་རྒྱུན་གྱི་ལྟ་ཞིབ་ས་ཚིགས་བརྒྱད་དང་རྨ་ཆུའི་འགོ་ཁུངས་ས་ཁུལ་གཞུང་རྒྱུན་གྱི་ལྟ་ཞིབ་ཚད་ལེན་བྱེད་སུམ་ཅུ། རྫ་ཆུའི་འགོ་ཁུངས་ས་ཁུལ་གཞུང་རྒྱུན་གྱི་ལྟ་ཞིབ་ཚད་ལེན་བྱེད་ས་ལྔ་ཡི་ཆུའི་རྒྱུ་སྤུས་ཐད་ནས་ཆ་སྙོམས་ཀྱིས་རིམ་པ་གཉིས་ཡན་གྱི་ཚད་གཞི་ལ་སླེབས་པ་དང་། གནས་བབ་ཧ་ཅང་བཟང་བ་དང་། སྙིགས་པ་དང་ཚགས་པ་སོགས་རྒྱུན་ལྡན་གྱི་གཙང་བསྒྱུར་བྱས་པ་བརྒྱུད་དེ་འཚོ་བའི་འཐུང་ཆུ་བྱས་ཆོག

2017ལོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྤྱི་ཁོག་ནས་གཏན་འཇགས་ཁྲོད་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད། ན་ནིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་མཁའ་དབུགས་དང་ཁོར་ཡུག་གནས་བབ་ཀྱང་ཕུལ་བྱུང་ཆུ་ཚད་དུ་སླེབས་པ་དང་། རྩྭ་ས་དང་སྔོ་ཁེབས་ཀྱི་ཁེབས་ཚད་བརྒྱ་ཆེའི་དོན་བཞི་རུ་སླེབས་ལ། ས་ཆ་སོ་སོའི་སྐྱེ་ཁམས་ཁོར་ཡུག་གནས་བབ་ཀྱི་མཚོན་གྲངས་རིན་ཚད་ལྔ་བཅུ་ལས་བརྒལ་བ་དང་། རྫོང་ཁོངས་སྐོར་ཞིག་གི་མཚོན་གྲངས་རིན་ཚད་བདུན་ཅུ་ལ་ཉེ།