མགོ་ལོག་གིས་བྱེད་ཐབས་བཞི་ལ་བརྟེན་ནས་ལས་བྱེད་པ་སྐྱེད་སྲིང་བྱས།
2018.06.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་བྱེད་པའི་སློབ་གསོ་དོ་དམ་བྱ་བར་རྒྱུན་མ་ཆད་པར་ཤུགས་བསྣན་པ་དང་། འདྲེན་བྱེད་གཅིག་བེད་སྤྱོད་དང་སློབ་ཁྲིད་དམ་གཉེར། ཐོན་ཁུངས་རིགས་གཉིས་ལ་དམ་འཛིན་བྱེད་པ། རེ་བ་གསུམ་གཏན་ཁེལ་བྱེད་པ་བཅས་ཀྱི་བྱེད་ཐབས་སྣ་བཞི་བརྒྱུད་དེ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་གཅིག་བསྡུས་འཆར་འགོད་རང་བཞིན་དང་ཁ་གཏད་རང་བཞིན། ཕན་འབྲས་རང་བཞིན་སྔར་ལས་ཇེ་མཐོར་བཏང་སྟེ། ཧུར་ཐག་གིས་ལས་བྱེད་པ་དུས་རབས་གསར་བའི་འཇོན་མི་རུ་སྐྱེད་སྲིང་བྱས།

མགོ་ལོག་ཁུལ་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པའི་སློབ་སྦྱོང་སློབ་གསོའི་བྱེད་ཐབས་བཀོལ་སྤྱོད་གང་ལེགས་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་སྣོན་པ། ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དམ་འཛིན་བྱེད་པ་སོགས་ཟུང་འབྲེལ་བྱས་པ་མ་ཟད། མགོ་ལོག་གི་ལས་བྱེད་པའི་སློབ་ཁྲིད་དམ་དུ་གཉེར་བ་དང་། ཁུལ་དང་རྫོང་གི་འགོ་ཁྲིད་དང་ཏང་གི་སློབ་གྲྭའི་དགེ་རྒན། ཆེད་མཁས་པ་དང་དགེ་རྒན་ཆེན་མོས་མཉམ་འབྲེལ་སྒོས་འཆད་ཁྲིད་བྱེད་པའི་རྣམ་པ་སྤྱད་དེ། ལས་བྱེད་པའི་སློབ་སྦྱོང་ཕུན་སུམ་ཇེ་ཚོགས་སུ་བཏང་། དེ་དང་མཉམ་དུ། རང་ས་གནས་ཀྱི་ཐོན་ཁུངས་དང་ཧྲང་ཧེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གསོ་སྦྱོང་ཐོན་ཁུངས་བཀོལ་སྤྱོད་གང་ལེགས་བྱས་པ་དང་། སློབ་ཁང་དུ་སློབ་ཁྲིད་བྱེད་པ་དང་ཡུལ་དངོས་ནས་སློབ་ཁྲིད་བྱེད་པ། བགྲོ་གླེང་བརྗེ་རེས་དང་གཅིག་བསྡུས་གསོ་སྦྱོང་དང་དྲ་ཐོག་སློབ་སྦྱོང་། ལག་ལེན་སྦྱོང་བརྡར་བཅས་ཀྱི་གསོ་སྦྱོང་རྣམ་པ་སྤྱད་དེ། གཅིག་བསྡུས་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གནས་སྐོར་རིག་གནས་ཅན་སོགས་ཆེད་དོན་སློབ་གསོ་གསོ་སྦྱོང་བཟང་བོར་སྤེལ་བ་མ་ཟད། གཞི་རིམ་འབྲོག་ཁུལ་དུ་མགོ་ལོག་ཏང་འཛུགས་ཀྱི་དུས་དེབ་བོད་རྒྱ་སྐད་གཉིས་ཅན་པར་སྐྲུན་འགྲེམ་སྤེལ་བྱས་ཏེ། ཏང་གི་སྲིད་ཇུས་དང་ཁུལ་ཡོངས་ཀྱི་གནས་ཚུལ་སོགས་དུས་ཚོད་དང་པོའི་ནང་གཞི་རིམ་ཏང་ཡོན་ཁྲོད་བརྒྱུད་སྒྲོག་བྱེད་པར་ཁག་ཐེག་བྱས། སྔ་གཞུག་ཏུ་སློབ་སྦྱོང་དང་གསོ་སྦྱོང་གི་ལམ་ལུགས་སྣ་གསུམ་གཏན་འབེབས་བྱས་པ་མ་ཟད་འཐུས་ཚང་དུ་བཏང་ནས། ནུས་ཤུགས་ཅི་ཡོད་ཀྱིས་མང་ཚོགས་ལ་མཁོ་བའི་ལས་བྱེད་པ་དེ་དུས་རབས་གསར་བའི་ཁྱབ་ཁོངས་སོ་སོའི་རྐང་འཛིན་མི་སྣ་རུ་སྐྱེད་སྲིང་བྱས།