ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་རུ་ཁག་འཛུགས་པའི་རེ་བ་ལྟར། མི་ཇི་ལྟ་བུ་ཞིག་འདེམས་པ་དང་ཇི་ལྟར་འདེམས་པ། ཇི་ལྟར་གསོ་སྦྱོང་དང་ལྟ་སྐྱོང་བྱེད་པ་སོགས་ཀྱི་གནད་དོན་གཙོ་བོར་བཟུང་ནས་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། བྱེད་ཐབས་གསར་སྐྲུན་བྱས་ནས། ཁུལ་ཡོངས་ཀྱི་ལས་བྱེད་རུ་ཁག་འཛུགས་པའི་སྤུས་ཚད་དང་གྲུབ་འབྲས་ཇེ་ལེགས་སུ་གཏོང་བར་རྨང་གཞི་བརྟན་པོ་བཏིངས།
བྱ་བའི་ཁྲོད་དུ། མཚོ་ལྷོ་ཁུལ་གྱིས་ཆབ་སྲིད་ཚད་གཞི་འབུར་དུ་ཐོན་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མངོན་པར་གསལ་བ་དེ་ལས་བྱེད་བྱ་བའི་ཁྲོད་དུ་འདྲེས་པར་བྱས་པ་དང་། ཕྱོགས་སོ་སོ་ནས་ལས་བྱེད་པའི་ཆབ་སྲིད་ནུས་པའི་དཔྱད་འཇོག་ལམ་ལུགས་བཟོས་ཏེ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཚད་གཞི་ཞིབ་ཆ་ཅན་དུ་བཏང་། ཆབ་སྲིད་ཀྱི་སྟེང་ནས་བློ་གཏད་ཆོག་པ་དང་། བྱ་བའི་ཐད་ནས་ནུས་པ་ལྡན་པ། སྤྱོད་ལམ་གྱི་སྟེང་ནས་ཚུལ་མཐུན་ཡིན་པ། འགན་འཁུར་ཐེག་ཐུབ་པ་དང་བསམ་ཕོད་སྒྲུབ་ཕོད་ཀྱི་སྙིང་སྟོབས་ཡོད་པའི་ལས་བྱེད་པ་ཡར་འཐེན་བྱས་ནས། མི་བཀོལ་བ་དང་འདེམས་པའི་ཁ་ཕྱོགས་གསལ་བོར་བཟོས། དུས་མཉམ་དུ་གཟབ་ནན་སྒོས་ལས་བྱེད་འདེམས་བསྐོའི་ལམ་ལུགས་དྲུག་དང་། རིམ་པ་གསུམ་གྱི་ཞིབ་བཤེར་དང་རིམ་པ་གཉིས་ཀྱི་དཔྱད་ཞིབ། རིམ་པ་གཉིས་ཀྱི་ཡར་སྤྲོད། ཡར་འཐེན་བྱེད་པར་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་བཞི་སོགས་ཀྱི་རེ་བ་ལག་བསྟར་བྱས།
ཁུལ་གྱིས་དོ་དམ་བྱེད་པའི་ལས་བྱེད་པའི་དཔྱད་ཞིབ་སྒྲིག་སྲོལ་གཏན་འབེབ་བྱས་པ་བརྒྱུད་ནས། དམིགས་ཚད་འགན་འཁུར་ཞིབ་བཤེར་དོ་དམ་ཆ་འཕྲིན་མ་ལག་གསར་སྤེལ་ཞིབ་འཇུག་བྱས་ནས། དཔྱད་བསྡུར་འཇུག་འབྲས་དང་ལས་བྱེད་འདེམ་བསྐོ། སློབ་གསོ་གསོ་སྦྱོང་། ལྟ་སྐུལ་དོ་དམ་སོགས་ཟུང་འབྲེལ་བྱས་ཏེ། དཔྱད་བསྡུར་བྱ་བའི་མཛུབ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་བྱེད་པའི་ལས་སྒྲུབ་གསར་སྐྲུན་གྱི་གསོན་ཤུགས་སྔར་ལས་ཆེ་རུ་བསྐྱེད།