ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ཡུལ་ཤུལ་གྱི་ཁྱད་ཆོས་ལྡན་པའི་འཇོན་མིའི་བྱ་བའི་ལམ་བུ་གསར་སྐྲུན་བྱས།
2018.06.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ད་ལོར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་འཇོན་མིའི་བྱ་བའི་བསམ་བློ་བཅིངས་འགྲོལ་གྱི་གསར་སྐྲུན་འཕེལ་རྒྱས་ལ་རྐང་བཙུགས་ནས། འཇོན་མི་ནང་འདྲེན་བྱེད་དཀའ་བ་དང་སྡོད་དུ་འཇུག་མི་ནུས་པ་སོགས་ཀྱི་གནད་དོན་ཐག་གཅོད་པར་ཤུགས་བསྣན་པ་དང་། ལས་ཞུགས་ཀྱི་ཁ་ཕྱོགས་གཏིང་ཟབ་སྒོས་འཇོན་མི་གསོ་སྦྱོང་དེ་མངག་ཉོའི་རྣམ་པ་སྤྱད་ནས། ཡུལ་ཤུལ་རང་ས་གནས་ཀྱི་འཇོན་མི་སྐྱེད་སྲིང་བྱས་ཏེ། འཇོན་མིའི་བྱ་བའི་ཡོངས་ཁྱབ་ཀྱི་ཆོས་ཉིད་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཏེ། ཡུལ་ཤུལ་གྱི་ཁྱད་ཆོས་ལྡན་པའི་འཇོན་མིའི་བྱ་བའི་ལམ་བུ་གསར་སྐྲུན་བྱས།

གསོ་སྦྱོང་གི་ལམ་བུ་རྒྱ་བསྐྱེད་དེ། ཆེད་སྦྱོང་དང་ཁ་ཕྱོགས་ངེས་གཏན། ཚད་ལྡན་དང་ཁྱད་ཆོས་ཡོད་པ་སོགས་ཀྱི་རྣམ་པ་བཀོལ་ལ། རང་ངོས་ཀྱི་དགོས་མཁོ་ལྟར་མངག་ཉོ་བྱས་ཏེ། སློབ་གསོའི་ཐོན་ཁུངས་ལེགས་ཆ་གསོ་སྦྱོང་གི་བྱེད་ཕྱོགས་ལ་ནུས་པ་འདོན་སྤེལ་བྱས་ནས། སློབ་ཁྲིད་ཁྲིད་ཚན་འཛུགས་སྐྲུན་དང་དགེ་རྒན་འདེམས་བསྐོ་ནུས་པ་ལྟར། འཇོན་མི་གསོ་སྦྱོང་དེ་སློབ་སྒྲུབ་དགོས་མཁོ་ལྟར་མངོན་འགྱུར་བྱས། ཞང་དང་གྲོང་རྡལ་གྱི་ལས་བྱེད་ཁ་ཕྱོགས་ངེས་གཏན་སྒོས་གསོ་སྦྱོང་བྱས་ནས། ཞང་དང་གྲོང་རྡལ་གྱི་ལས་བྱེད་པའི་ཆེད་ལས་ཅན་གྱི་ཆུ་ཚད་དམའ་བའི་གནད་དོན་ལེགས་སྒྱུར་བྱས་ཏེ། ཞང་དང་གྲོང་རྡལ་གྱི་ཏང་སྲིད་འཇོན་མི་གསོ་སྦྱོང་བྱས་ནས། གསོ་སྦྱོང་བྱ་བ་ལ་ཕན་ཡོད་ཀྱི་ལམ་བུ་འཚོལ་ཞིབ་བྱས། ཡུལ་ཤུལ་སྨན་བཅོས་འཕྲོད་བསྟེན་གྱི་བསླབ་གནས་དམའ་བ་དང་ཆེད་ལས་འཇོན་མི་དཀོན་པའི་གནད་དོན་ལ་དམིགས་ནས། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་གསོ་རིག་དངོས་གཞི་དང་ཆེད་སྦྱོང་གི་འཇོན་མི་མངག་ཉོ་ཚུར་འགུག་བྱས།

འཇོན་མིའི་དཔུང་མཐུག་པའི་ཁུལ་གྱི་འཐབ་ཇུས་ལག་བསྟར་དངོས་འབེབ་བྱས་ཏེ། ཁུལ་ཡོངས་ཀྱི་འཇོན་མི་འཕེལ་རྒྱས་འཆར་འགོད་ལ་ཚན་རིག་སྒྲིག་ལུགས་ལྡན་པ་དང་། འཇོན་མི་འཕེལ་རྒྱས་ཀྱི་འཐབ་ཇུས་སྒྲིག་འཛུགས་ལ་ཤུགས་སྣོན་བྱས། རིམ་གྱིས་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་འཇོན་མིའི་བྱ་བའི་དམིགས་ཚད་འགན་འཁུར་ལམ་ལུགས་འཛུགས་སྐྲུན་བྱས་ཏེ། འཇོན་མིའི་བྱ་བ་དེ་ཏང་འཛུགས་བྱ་བའི་དམིགས་ཚད་འགན་འཁུར་དོན་འཁྱོལ་བྱེད་པའི་ནང་དོན་གཙོ་བོར་བྱས།