མཚོ་སྔོན་ཞིང་ཆེན་གྱི་དྭངས་གཙང་ནུས་པའི་འབྱུང་ཁུངས་ཁྱེད་ཀྱི་འགྲམ་ན་གནས་ཞེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་ཁའི་གསོལ་མགྲོན་ཁང་དུ་ཚོགས།
2018.06.21 ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན་དྲ་བ། ཀློག་གྲངས། 21

ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་དྭངས་གཙང་ནུས་པའི་འབྱུང་ཁུངས་ཁྱེད་ཀྱི་འགྲམ་ན་གནས་ཞེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་ཁའི་གསོལ་མགྲོན་ཁང་དུ་ཚོགས་པ་དང་། མཚོ་སྔོན་དྭངས་གཙང་ནུས་པའི་འབྱུང་ཁུངས་གློག་འདོན་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་དང་། གཞན་མཚོ་སྔོན་དུབཅའ་སྡོད་ཀྲུང་དབྱང་གསར་འགྱུར་ལས་ཁུངས་དང་ས་གནས་ཀྱི་སྨྱན་བྱད་བཅས་མི་བརྒྱ་ལྷག་ཚོགས་འདུར་ཞུགས་ཡོད། སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པའི་ནང་མཚོ་སྔོན་ཞིང་ཆེན་ཏང་ཨུད་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐུགས་ཁུར། མཚོ་སྔོན་ཞིང་ཆེན་གྱི་གློག་འདོན་ཚོགས་པ་ཁག་གིས་རོགས་འདེགས་འོག རྒྱལ་ཁབ་གློག་དྲ་ཀུང་སིས་མཚོ་སྔོན་དུ་དུས་ཡུན་ཉིན་བདུན་རིང་གི་དྭངས་གཙང་ནུས་པའི་འབྱུང་ཁུངས་ཀྱི་གློག་འདོན་བྱེད་སྒོ་སྤེལ་བ་ལེགས་འགྲུབ་བྱུང་བར་མ་ཟད་འཛམ་གླིང་གི་ཟིན་ཐོ་གསར་པ་བསྐྲུན་ཡོད་པ་རེད།

དྭངས་གཙང་ནུས་པའི་འབྱུང་ཁུངས་ནི་ཆུ་དང་རླུང་། འོད་བཅས་དྭངས་གཙང་གི་ནུས་པའི་འབྱུང་ཁུངས་ལ་བརྟེན་ནས་གློག་འདོན་གྱི་ཡོད་པ་དང་། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་གློག་དྲའི་གཞི་ཁྱོན་ན་ནིང་ལས་རྒྱ་བསྐྱེད་ཅིང་། ཉིན་རེའི་གློག་འདོན་ཚད་ཐེན་ཝ་དུང་ཕྱུར་གཅིག་ལས་བརྒལ་ཞིང་། དྭངས་གཙང་ནུས་པའི་འབྱུང་ཁུངས་དེ་མཚོ་སྔོན་ཞིང་ཆེན་གྱི་གློག་འདོན་འབྱུང་ཁུངས་ཀྱི་ཨང་གཉིས་པ་ཡིན་པའི་ཆ་ནས་མིག་སྔར་ཆུའི་ནུས་གློག་འདོན་གྱི་གཞི་ཁྱོན་དང་འདྲ་མཉམ་ཡིན།

གསར་འགོད་པར་ཤེས་རྟོགས་བྱུང་བ་གཞིགས་ན། ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་གྱི་ནམ་གུང་ཆུ་ཚོད་བཅུ་གཉིས་ནས་ཚེས་ཉེར་བརྒྱད་ཉིན་གྱི་ནམ་གུང་ཆུ་ཚོད་བཅུ་གཉིས་བར་མཚོ་སྔོན་ཞིང་ཆེན་ཡོངས་སུ་དྭངས་གཙང་ནུས་པའི་འབྱུང་ཁུངས་ཀྱི་གློག་འདོན་གྱི་ཡིན་པ་དང་། གཞན་ནུས་པའི་འབྱུང་ཁུངས་ཀྱི་ཁེ་ལས་སྒྲིག་འཛུགས་བྱས་ཏེ་གཙང་གསུམ་འབྱུང་ཡུལ་དུ་དྭངས་གཙང་ནུས་པའི་འབྱུང་ཁུངས་ཀྱི་ལས་གཞི་བཀོད་སྒྲིག་བྱས་ཏེ་བོད་ཁུལ་གྱི་རོང་འབྲོག་མང་ཚོགས་ཡོངས་ལ་ལས་གཞིའདིའི་གྲུབ་འབྲས་ཁག་ལོངས་སུ་སྤྱོད་དུ་འཇུག་རྒྱུ་རེད།