མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་པའི་ཞིང་ཆེན་རིམ་པའི་ཚོད་ལྟའི་བྱ་བ་འགོ་བརྩམས།
2018.06.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

2018ལོ་ནི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཁྱབ་བཤེར་ལོ་ཡིན་པས། ཟླ6པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་པའི་ཞིང་ཆེན་རིམ་པའི་ཚོད་ལྟའི་བྱ་བ་སྤེལ་ཞིང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཧུའུ་ཐའེ་སྲང་ལམ་ལས་དོན་ཁྲུའུ་དེ་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་ཚོད་ལྟ་བྱེད་གནས་སུ་གཏན་འཁེལ་བྱས།

རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་པ་ནི་རང་རྒྱལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བའི་ཁྲོད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་རྟོག་ཞིབ་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན། ད་ལོའི་ཟླ4བར་ཞིང་ཆེན་སྲིད་གཞུང་གིས«མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་པའི་བྱ་བ་ལེགས་པོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར»དཔར་ནས་བཀྲམ་པས། དེས་རང་ཞིང་གི་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་པའི་བྱ་བ་ཁྱོན་ཡོངས་ནས་འགོ་བརྩམས་པ་མཚོན་ཡོད། རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡི་རེ་བ་ལ་གཞིགས་ནས་མཚོ་སྔོན་ཞིང་ཆེན་གྱི་ཚོད་ལྟའི་བྱ་བ་ཟླ་དྲུག་པའི་ནང་སྤེལ་བར་མ་ཟད། ཟི་ལིང་གྲོང་ཁྱེར་ཧུའུ་ཐའེ་སྲང་ལམ་ལས་དོན་ཁྲུའུ་ནས་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་ཚོད་ལྟའི་བྱ་བ་སྤེལ་ཞིང་། ཁྱབ་བཤེར་གྱི་བྱ་བའི་གོ་རིམ་ཧྲིལ་བོར་ཚོད་ལྟའི་འཁྲབ་སྦྱོང་བྱས།

ཐེངས་འདིའི་དཔལ་འབྱོར་ཁྱབ་བཤེར་གྱིས་རང་རྒྱལ་གྱི་ཐོན་ལས་གཉིས་པ་དང་གསུམ་པའི་འཕེལ་རྒྱས་གཞི་ཁྱོན་དང་ཕན་འབྲས་སོགས་ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱེད་རྒྱུ་ཡིན་པ་དང་། ཁྲིམས་མིའི་ལས་ཁུངས་ཡོངས་རྫོགས་ཀྱི་མ་རྩ་བུ་ལོན་འཁུར་བའི་གནས་ཚུལ་དང་གསར་དར་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་མཐིལ་རྟོགས་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་རིགས་སོ་སོའི་ལས་ཁུངས་ཀྱི་གཞི་རྩའི་གནས་ཚུལ་དང་ཐོན་རྫས་ཐོན་ཚད་དང་ཞབས་ཞུའི་ལས་སྒོ་གཙོ་བོར་རྩད་གཅོད་གསལ་བོ་བྱེད་རྒྱུ་ཡིན་པས། ཁྱོན་ཡོངས་ནས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དང་འགུལ་ནུས་གསར་བ་སྐྱེད་སྲིང་རྒྱ་བསྐྱེད་གཏོང་བ་དང་། དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྱུར་རིམ་འཕར་སོགས་ཐད་ཀྱི་འཕེལ་རྒྱས་གསར་བ་ཡང་དག་པའི་སྒོ་ནས་ཚུར་སྣང་བྱེད་ཐུབ།