བསྟུད་མར་ཉིན་འདི་དག་གི་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅུ་དགུ་པའི་སྟེང་དུ་གྲ་སྒྲིག་འགྲེམ་སྟོན་གྱི་བྱ་བ་སྤེལ་ཞིང་། གོ་རིམ་རེ་རེ་བརྟན་བརླིང་ངང་གོང་འཕེལ་དུ་བཏང་། མིག་སྔར། མཚོ་ལྷོ་ཁུལ་གྱིས་དངུལ་གཏོང་ཁོར་ཡུག་གི་གསལ་བཤད་དང་ལས་གཞི་གཙོ་བོའི་འོས་སྦྱོར། ཚོགས་ར་ནས་ཆེད་དུ་གན་རྒྱ་འཇོག་པ། གཞི་གྲངས་ཆེན་མོའི་གླེང་སྟེགས་ཇུས་གཞི་སོགས་ལས་གཞི་བཅོ་བརྒྱད་ལ་གན་རྒྱ་འཇོག་རྒྱུ་ཐག་བཅད་ཡོད་པ་དང་། ཁེ་ལས་ང་བདུན་གྱི་ཐོན་རྫས་རིགས་བརྒྱ་དང་གྱ་དགུ་འགྲེམ་སྟོན་ལ་ཞུགས་རྒྱུ་རེད། དེ་ལས་གཞན་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་གྱིས་ཆེད་དུ་རིག་རྩལ་འཁྲབ་སྟོན་གྱི་ཚོགས་ར་རྩ་འཛུགས་བྱས་ནས། ཞོ་སྟོན་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་བྱ་འགུལ་སྤེལ་རྒྱུ་རེད།