ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་བདུན་འགོར་བར་རྟེན་འབྲེལ་ཞུ་བ་དང་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་གཏིང་ཟབ་བྱེད་ཆེད། ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་བདུན་གཅིག་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཏང་གི་སྒྲིག་ཡིག་ཐད་ཀྱི་ཤེས་བྱ་འགྲན་སྡུར་སྤེལ།
ཐེངས་འདིའི་ཤེས་བྱ་འགྲན་སྡུར་བརྒྱུད། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་བ་དང་། ཞིན་ཧེ་རྫོང་གི་ཏང་ཡོན་རྣམས་ཀྱིས་ཏང་གི་སྒྲིག་ཡིག་ལ་ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ། ཏང་ཡོན་གྱི་ཏང་གཤིས་གསོ་སྦྱོང་དང་སྒྲིག་ཁྲིམས་འདུ་ཤེས་སྔར་ལས་མཐོར་འདེགས་བཏང་སྟེ་ཞིན་ཧེ་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཆེད་ལས་བྱང་ཚད་དང་རྣམ་པ་བཟང་བོ་མངོན་པར་བྱས།