ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་གོ་བདུན་ལོན་པ་དང་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་སྔར་ལྷག་པའི་སྒོ་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་བསམ་བློ་རྒྱ་བསྐྱེད་པ། ཁག་ཁུར་བྱེད་ཕོད་པ་བཅས་བྱས་ཏེ་ཏང་ཡོན་གྱི་སྔོན་ཐོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་ཐུན་ཏེ་གསར་བ་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཆེད། བདུན་གཅིག་གི་སྔོན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་ཞེས་པ་བརྗོད་གཞི་ཡིན་པའི་དམར་དམག་རྒྱང་སྐྱོད་སྐབས་ཀྱི་གླུ་དབྱངས་འགྲན་སྡུར་སྤེལ་བ་དང་། རྫོང་ཡོངས་ཀྱི་འགྲན་ཞུགས་རུ་ཁག་དགུ་ཡི་མི་བཞི་བརྒྱ་དང་དྲུག་ཅུ་འགྲན་སྡུར་ལ་ཞུགས།
ཐེངས་འདིའི་འགྲན་སྡུར་ཁྲོད། འགྲན་ཞུགས་པ་རྣམས་ཀྱིས་སྙན་མོ་གླུ་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ཏེ་ལོ་ངོ་གོ་བདུན་རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་བསྟོད་བསྔགས་བྱས་པར་མ་ཟད། ཐུན་ཏེ་རྫོང་ཡོངས་ཀྱི་མི་དམངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཟུང་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་ཐུན་ཏེ་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱེད་པའི་སྙིང་སྟོབས་མཚོན་པར་བྱས།