མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་གསུམ་སྤྱད་དེ་རྩྭ་ཕྱུགས་དོ་མཉམ་བྱ་བར་ཤུགས་བསྣན།
2018.07.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ཚད་མཐོན་པོའི་མཐོང་ཆེན་བྱས་ཏེ་སྐྱེ་ཁམས་བཅོས་སྐྱོང་དང་བྱེད་ཐབས་སྒྱུར་བ། ལྟ་སྐུལ་དོ་དམ་ཇེ་ཞིབ་ཏུ་གཏོང་བ་སོགས་ནུས་ཡོད་བྱེད་ཐབས་སྤྱད་དེ་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ཟོག་ཐེག་ཚད་ལས་བརྒལ་བའི་རྣམ་པ་ལེགས་བཅོས་བྱས་ཏེ་རྩྭ་ཕྱུགས་དོ་མཉམ་ཐད་བྱེད་ནུས་མི་དམན་པ་བཏོན།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐབས་གཉིས་པའི་བཟོ་སྐྲུན་དང་ཕྱུགས་སྐྱུར་རྩྭ་འདེབས་སོགས་སྐྱེ་ཁམས་བཟོ་སྐྲུན་ཟུང་འབྲེལ་བྱས་ཏེ་རྩྭ་ས་སྤྱི་ཆིངས་འབུམ་གཉིས་སུ་ཕྱུགས་འཚོ་བ་གཏན་འགོག་བྱས་པ་དང་། སྤྱི་ཆིངས་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གསུམ་ལྷག་ཏུ་ཨ་བྲ་དང་དུག་རྩྭའི་གནོད་པ་འགོག་བཅོས་བྱས་པར་མ་ཟད། རྩྭ་ར་སྤྱི་ཆིངས་ཁྲི་གསུམ་དང་སྟོང་གསུམ་སུམ་བརྒྱ་སོ་གསུམ་ལེགས་བཅོས་བྱས་པ་དང་། ས་ནག་ཐང་སྤྱི་ཆིངས་ཁྲི་དྲུག་བཅོས་སྐྱོང་བྱས། སྐྱེ་ཁམས་བཅོས་སྐྱོང་ཤུགས་ཚད་མཐོར་འདེགས་བཏང་སྟེ་རང་བྱུང་རྩྭ་སའི་སྐྱེ་ཁམས་ཉམས་གསོ་བྱེད་པར་སྐུལ་འདེད་བཏང་། ཕྱུགས་ཟོག་ཐེག་ཚད་ལས་བརྒལ་བའི་རྫོང་གཙོ་བོ་རུ་སྤྱི་ཆིངས་སྟོང་དྲུག་དང་དྲུག་བརྒྱ་རེ་བདུན་ཡོད་པའི་གཟན་རྩྭའི་རྟེན་གཞི་དང་ཕྱུགས་ཁང་དགུ་བརྒྱ་འཛུགས་སྐྲུན་བྱས་ཏེ་གཟན་རྩྭ་འདོན་སྤྲོད་བྱེད་ཚད་ཇེ་མང་དུ་བཏང་ནས་རང་བྱུང་རྩྭ་སའི་གནོན་ཤུགས་ཇེ་ཆུང་དུ་བཏང་།

དེར་མ་ཟད། འབྲོག་པའི་འོས་འགན་ལག་བསྟར་བྱེད་པ་དང་ཁ་གསབ་བྱ་དགའི་དངུལ་ཟུང་འབྲེལ་བྱེད་པའི་དོ་དམ་ནང་རྐྱེན་བཙུགས་ཏེ་ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་དོ་སྲུང་བར་བརྟེན་ནས་རྩྭ་ཐང་དོ་དམ་ཐད་ཤུགས་བསྣན་པ་དང་སྐོར་ཞིབ་ཤུགས་ཚད་ཇེ་ཆེར་བཏང་སྟེ་རྩྭ་ཕྱུགས་དོ་མཉམ་ལམ་ལུགས་དོན་འཁྱོལ་བྱེད་པར་ནུས་ཡོད་སྒོས་འགན་སྲུང་བྱས་པར་མ་ཟད། མཛེས་པའི་རྩྭ་ཐང་སྲུང་སྐྱོབ་འགུལ་སྐྱོད་དང་རྩྭ་ཐང་ཁྲིམས་འཛིན་ཆེད་དོན་ཞིབ་བཤེར་ཟུང་འབྲེལ་བྱས་ཏེ་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་བཏང་བ་དང་རྩྭ་ཐང་ལེགས་བཅོས་ཐད་རྨང་གཞི་བརྟན་པོ་བཏིངས།