མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འབུམ་རམས་པའི་ཚོགས་པའི་ཁོངས་མིས་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིགས་ལས་དོན་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱས།
2018.07.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཤེས་ལྡན་མི་སྣ་བྱ་བའི་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་སྐོར་བཅོ་བརྒྱད་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འབུམ་རམས་པའི་ཚོགས་པའི་ཁོངས་མི་རྩ་འཛུགས་བྱས་ཏེ་ཞིང་ཆེན་བོད་སྨན་ཁང་དུ་སོང་ནས་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ལས་དོན་འཕེལ་རྒྱས་ལ་ལྟ་སྐོར་དང་རྟོག་ཞིབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ལས་དོན་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱས།

སྐོར་བཅོ་བརྒྱད་པའི་མཚོ་སྔོན་ལ་རོགས་སྐྱོར་ལ་བྱེད་པའི་འབུམ་རམས་པའི་ཚོགས་པའི་ཁོངས་མིས་བོད་སྨན་ལས་སྣོན་ཐོག་ཁང་དང་སྨན་ལུམས་ཚན་ཁག སྲོལ་རྒྱུན་གསོ་བཅོས་ལྟེ་གནས་སོགས་ཁྱད་ལྡན་ཚན་ཁག་ལ་ཡུལ་དངོས་ནས་ལྟ་སྐོར་བྱས་པ་དང་། ཚང་མས་བོད་སྨན་ལས་སྣོན་ཁང་གིས་བོད་སྨན་ཐོན་སྐྱེད་བྱེད་པའི་གོ་རིམ་དང་ཐོན་སྐྱེད་ཚད་གཞི། བོད་ལུགས་ལུམས་བཅོས་ཀྱི་ཐུན་མོང་མ་ཡིན་པའི་གསོ་བཅོས་བྱེད་ཐབས། སྐམ་ཁབ། གཏར་ཁ་སོགས་ཁྱད་ལྡན་གསོ་བཅོས་བྱེད་ཐབས་དང་བོད་སྨན་ཁང་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་བཀོད་སོགས་ལ་ཁས་ལེན་གང་ལེགས་བྱས་པ་དང་། མཚོ་སྔོན་གྱི་བོད་ལུགས་གསོ་རིག་ལས་དོན་འཕེལ་རྒྱས་དང་བོད་ལུགས་གསོ་རིག་གི་ཁྱད་ལྡན་གསོ་བཅོས་བྱེད་ཐབས་རྒྱ་སྐྱེད་པ། བོད་ལུགས་གསོ་རིག་རིག་གནས་དྲིལ་སྒྲོག་རྒྱ་ཆེར་བྱེད་པ། ཆ་འཕྲིན་ཅན་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་གཏོང་བ་སོགས་ཐད་གྲོས་གཞི་བཏོན།

འབུམ་རམས་པའི་ཚོགས་པའི་ཁོངས་མིས་ད་རུང་རྒྱལ་སྨན་ཆེན་མོ་ཨ་ཁུ་ཉི་མར་འཚམས་འདྲི་བྱས།