མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་ཞིང་ཆེན་ཡོངས་ཀྱི་ལྟ་ཞིབ་བཅའ་ཁྲིམས་སྒྲོག་འགྲེལ་བྱ་བར་གཅིག་གྱུར་བཀོད་སྒྲིག་བྱས་པ་ལྟར། ཉེ་ལམ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མཱ་ཧོང་སི་དང་། ཞིང་ཆེན་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཁྲིམས་སྲོལ་ཞིབ་འཇུག་ཁང་གི་ཀྲུའུ་རིན་མཱ་དབྱིན་ལུང་གཉིས་ཀྱིས་སོ་སོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཡན་ལག་ཚོགས་ར་བཙུགས་ཡོད་པའི་རྫོང་སོ་སོའི་འབྲེལ་ཡོད་ཏང་ཡོན་ལས་བྱེད་པ། གཅན་ཚ་རྫོང་ཁང་དབྱང་གྲོང་རྡལ་ཏང་ཨུའི་སྲིད་གཞུང་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ལས་བྱེད་པ་ཡོངས་དང་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཡོངས་བཅས་ལ«ལྟ་ཞིབ་བཅའ་ཁྲིམས»སྒྲོག་འགྲེལ་བྱས།
སྒྲོག་འགྲེལ་སྐབས་སུ། མཱ་ཧོང་སི་ཡིས«ལྟ་ཞིབ་བཅའ་ཁྲིམས»གཏན་འབེབས་བྱེད་པའི་དོན་སྙིང་གལ་ཆེན་དང་གཏན་འབེབས་བརྒྱུད་རིམ། ལྷག་པར་དུ་ནང་དོན་གཙོ་བོ་དང་གནད་དོན་གཙོ་བོར་དམིགས་ནས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་དཔེ་མཚོན་གྱོད་གཞི་དང་སྦྲེལ་ཏེ། འགྲེལ་བཤད་གསལ་བོ་དང་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བ། གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ་སོགས་ཀྱི་བྱ་བའི་གྲོས་གཞི་བཏོན། མཱ་དབྱིན་ལུང་གིས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་གནད་དོན་གལ་ཆེན་སྐོར་ཞིག་ལ་དམིགས་ནས། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། དཔེ་འཇོག་པ་དང་དོན་དངོས་སྟོན་པ། གྱོད་དཔེ་འདྲེན་པ། ཕན་ཚུན་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་སྣ་མང་སྤྱད་དེ་འགྲེལ་བཤད་གསལ་བོ་བྱས་པ་མ་ཟད། «ལྟ་ཞིབ་བཅའ་ཁྲིམས»ཀྱི་སློབ་སྦྱོང་དང་དྲིལ་སྒྲོག་དེ་བྱེ་བྲག་གི་བྱ་བའི་ཁྲོད་ལག་བསྟར་བྱེད་པ་དང་། བྱ་བ་སྒྲུབ་འདོད་ཡོད་པ་དང་ཁག་ཁུར་ཕོད་པ། བརྩོན་འགྲུས་ལྡན་པའི་ལས་བྱེད་པར་རྒྱབ་སྐྱོར་བྱེད་པའི་བྱ་བའི་གྲོས་གཞི་བཏོན།
ཁང་དབྱང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ།
གྲོང་གཙོ་མཱ་ཧེ་ཧྲིན་གྱིས་བཤད་རྒྱུར།
སྒྲོག་འགྲེལ་གྱིས་ང་ཚོར་སྐུལ་སློང་ཆེན་པོ་དང་ཕན་པ་མི་ཆུང་བ་ཐོབ་ཏུ་བཅུག་པ་དང་།
རྗེས་ཕྱོགས་སུ«ལྟ་ཞིབ་བཅའ་ཁྲིམས»ལག་ལེན་མཐར་ཕྱིན་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས་ཟེར།