མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་གཞི་རིམ་ཉོ་འཚོང་མཁོ་སྤྲོད་རྩ་འཛུགས་འཛུགས་སྐྲུན་བྱས།
2018.07.24 ཁུངས། མཚོས་ྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་གཞི་རིམ་ཉོ་འཚོང་མཁོ་སྤྲོད་རྩ་འཛུགས་འཛུགས་སྐྲུན་དང་། ཞིང་སྡེ་གློག་རྡུལ་ཚོང་གཉེར། ཞིང་སྡེ་ཚོང་ཟོག་འཁོར་རྒྱུགས། ཞིང་ཐོན་ཞིང་ལས་འཕྲུལ་ཆས་སོགས་མཁོ་སྤྲོད་བྱས་པ་དང་། ཞིང་ཕན་དངུལ་རྩ་དང་སྦྲགས་སྲིད་སྐྱེལ་འདྲེན་སོགས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་གློག་རྡུལ་ཚོང་གཉེར་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱས། ཞིང་སྡེ་ཆ་འཕྲིན་ཞབས་ཞུ་རྒྱ་སྐྱེད་པ་དང་། ཞིང་སྡེ་ཚོང་ལས་མ་རྩ་དམའ་རུ་གཏོང་བ། ཐོན་རྫས་ཉོ་འཚོང་གི་བརྒྱུད་ལམ་རྒྱ་ཆེར་གཏོང་བ། གཞིས་སྡོད་ཚོང་ཁང་དང་གློག་རྡུལ་ཚོང་ར་གཉིས་ཟུང་འབྲེལ་བྱས་ནས། ཞིང་ལས་རིམ་འཕར་དང་ཞིང་སྡེ་འཕེལ་རྒྱས་སུ་སོང་ནས། ཞིང་བ་མི་དམངས་ཀྱིས་ཡོང་སྒོ་འཕར་བར་བྱས།

གྲོང་ཁྱེར་དེས་ཁེ་ལས་ཀྱིས་གློག་རྡུལ་ཚོང་གཉེར་བྱེད་པར་རྒྱབ་སྐྱོར་བྱས་ནས། མཚོ་སྔོན་སྤྲིན་རྩིས་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་ཟིས་ཁུལ་ཁོངས་རང་བཞིན་གྱི་གློག་རྡུལ་ཚོང་གཉེར་སྟེགས་བུ་སྐྲུན་ནས། གྲོང་ཁྱེར་ནང་ཁུལ་དུ་སྔོ་ཚོད་ཕར་ཚུར་སྐྱེལ་པའི་ཞབས་ཞུ་སྒྲུབ་ཅིང་། ཞིང་ཁྱིམ་དང་འཛད་སྤྱོད་པར་ཐད་ཀའི་འབྲེལ་བ་བཙུགས་ནས། སྔོ་ཚོད་དང་སིལ་ཏོག་སོགས་ཉོ་བའི་བརྒྱུད་རིམ་དང་འཁོར་ཚིགས་མང་པོ་གྲོན་ཆུང་བྱས་ཏེ། གྲོང་ཁྱེར་ཡོངས་ལ་ཞིང་ཕྱུགས་ཐོན་རྫས་ཚོང་རར་བཀྲམ་པར་བརྒྱུད་ལམ་གསར་བ་ཞིག་བཏོད།

དུས་མཉམ་དུ། གྲོང་ཁྱེར་དེས་ཉིས་སྟོང་བཅོ་བརྒྱད་ལོར་ཉོ་འཚོང་མཁོ་སྤྲོད་བཅོས་སྒྱུར་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི་བརྒྱ་བརྩོན་ལེན་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་གཉེར་དོ་དམ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་བཀོལ་ལ། ཧུར་ཐག་གིས་ཉིས་སྟོང་བཅོ་བརྒྱད་ལོའི་གློག་རྡུལ་ཚོང་གཉེར་ཞིང་སྡེ་རུ་བསྐྱོད་པའི་ཕྱོགས་བསྡུས་དཔེར་སྟོན་རྫོང་རྩ་འཛུགས་བྱེད་པའི་བྱ་བར་སྙན་ཞུ་བྱས་ཏེ། ཕྱོགས་ཡོངས་ནས་ཞིང་སྡེ་གློག་རྡུལ་ཚོང་གཉེར་ཞབས་ཞུའི་དྲ་བ་ལ་སྐུལ་སྤེལ་དང་མ་ལག་འཛུགས་སྐྲུན་ཐད་ལ་འདེགས་