མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་དངུལ་བརྟན་འཇགས་ངང་འཕར་སྣོན་འབྱུང་བ་མངོན་འགྱུར་བྱས།
2018.07.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 81

ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་དངུལ་གྱི་ཚད་གཞི་ལེགས་སྒྲིག་དང་གསབ་དངུལ་སྟེར་བའི་བྱ་བ་ཡོངས་འགྲུབ་བྱས། བསྡོམས་པས་མཁར་གྲོང་གི་རྒན་གསོ་དངུལ་ལོངས་སྤྱོད་བྱེད་བཞིན་པའི་མི་འབུམ་བཞི་དང་ཁྲི་དྲུག་ལྷག་གི་གཞི་རྩའི་རྒན་གསོ་དངུལ་ལེགས་སྒྲིག་བྱས་པ་དང་། ཐེངས་གཅིག་རང་བཞིན་གྱིས་ཟླ་དང་པོ་ནས་ཟླ་ལྔ་བའི་བར་གྱི་གཞི་རྩའི་རྒན་གསོ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་བདུན་འབུམ་ལྔ་ཁྲི་ལྔ་ལྷག་བྱིན།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རྒན་གསོ་དངུལ་ལེགས་སྒྲིག་བྱ་བར་ཞིབ་ཕྲའི་བཀོད་སྒྲིག་བྱས་པ་དང་། རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་ཉེན་ཚབ་ལས་སྒོའི་ཆ་འཕྲིན་མ་ལག་འཐུས་ཚང་དུ་བཏང་རྗེས། ཚད་གཞི་ལེགས་སྒྲིག་བྱེད་པའི་སྒྲིག་སྲོལ་ནན་མོ་ཡིན་པ་དང་ཚད་ལྡན་འཁོར་སྐྱོད་བྱེད་པའི་བླང་བྱ་ལྟར་གཞི་རྩའི་ཆ་འཕྲིན་དང་གསབ་དངུལ་སྟེར་བའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། མ་དངུལ་དོན་འཁྱོལ་བྱེད་པ་བཅས་ལ་ཞིབ་བསྡུར་བྱེད་དགོས་པའི་རེ་བ་བཏོན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཚུར་སྣང་བྱས་པའི་གནས་ཚུལ་ལ་དུས་ཐོག་ཏུ་མཛུབ་སྟོན་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པ་དང་། རྒན་གསོ་དངུལ་ཁ་གསབ་བྱེད་པར་མི་གཅིག་ཀྱང་ཆད་ལུས་མི་བྱེད་པར་འགན་སྲུང་བྱས།

མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོ་དངུལ་གྱི་ཚད་གཞི་ཐེངས་དྲུག་ལ་ལེགས་སྒྲིག་བྱས་པ་དང་། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་དངུལ་བརྟན་འཇགས་ངང་འཕར་སྣོན་འབྱུང་བ་མངོན་འགྱུར་བྱས་ཏེ་ལྟ་སྐྱོང་ཆུ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་ལ་སླེབས་ཡོད། དེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ཆེའི་མཁར་གྲོང་སྡོད་དམངས་དག་ལ་བརྩེ་བའི་ཐུགས་ཁུར་བྱེད་བཞིན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དེ་བྱ་བའི་འགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ཡོད་པ་གསལ་བོར་མཚོན་ཡོད་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་དང་མཁར་གྲོང་སྡོད་དམངས་ཀྱི་བདེ་སྐྱིད་ཚོར་བ་ཇེ་མཐོར་གཏོང་བ། སྤྱི་ཚོགས་སྔར་ལས་འཆམ་མཐུན་ཡོང་བ་བཅས་ཐད་ལ་སྐུལ་འདེད་ནུས་པ་གལ་ཆེན་བཏོན།