སྤེལ་དུས།2018.08.07 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
21
0

ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་སྡེ་བ་རིམ་པའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱི་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་སོང་བ་དང་། ད་ལོའི་ཟླ་དྲུག་པའི་ཟླ་མགོ་བར་དུ། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་གོ་དགུ་རུ་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཡོངས་ཁེབས་བྱེད་པ་མངོན་འགྱུར་བྱས།

བྱ་བའི་ཁྲོད། གུང་ཧོ་རྫོང་གིས་ཞིང་ཆེན་དང་ཁུལ། རྫོང་གིས་རྒྱུན་མཐུད་ངང་སྤེལ་བའི་ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་ལ་མཉམ་འབྲེལ་བྱེད་པ་དང་ཏང་སྲིད་དམག་དང་ཁེ་ལས་ཀྱིས་མཉམ་དུ་དཔེ་སྟོན་སྡེ་བ་འཛུགས་པ། ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་སོགས་སྡེ་བ་རིམ་པའི་ལས་གཞི་འཛུགས་སྐྲུན་གྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས། རང་འགུལ་གྱིས་གཞི་རིམ་སྡེ་བ་རིམ་པའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་དང་། རྫོང་ཡོངས་ཀྱི་སྡེ་བ་རིམ་པའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་ལ་རིགས་བགར་ནས་འཛུགས་སྐྲུན་བྱས་ཏེ། རྫོང་ཡོངས་ཀྱི་སྡེ་བ་རིམ་པའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་དེ་སྡེ་དམངས་ཀྱིས་གཞུང་དོན་ལ་གྲོས་སྡུར་བྱེད་ས་དང་ཏང་ཡོན་གྱི་བྱ་འགུལ་སྤེལ་ས། དམངས་བདེ་ཞབས་ཞུ་སྤེལ་ས། སློབ་གསོ་གསོ་སྦྱོང་སྤེལ་ས། རིག་གནས་བརྒྱུད་སྒྲོག་བྱེད་སའི་གནས་གཙོ་བོར་འགྱུར་བར་བྱས།

དེ་དང་མཉམ་དུ། དམངས་སྲིད་དང་རིག་གནས། གནས་སྤོར། སྡོད་ཁང་འཛུགས་སྐྲུན། འཕྲོད་བསྟེན་སོགས་ལས་གཞི་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་གཉིས་མཉམ་བསྲེས་བྱས་པ་དང་། འཛུགས་སྐྲུན་དང་རྒྱ་སྐྱེད་པ། མཐོར་འདེགས་བྱེད་པ། ཚད་ལྡན་དུ་བསྒྱུར་བའི་བྱེད་ཐབས་སྤྱད་དེ། སྡེ་བ་རིམ་པའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་པ་དང་ཚད་ལྡན་དུ་བསྒྱུར་བ་དང་། ཧུར་ཐག་གིས་ཆ་སྡེབས་སྒྲིག་ཆས་འཐུས་ཚང་དུ་བཏང་ལ། སྡེ་བ་རིམ་པའི་བྱ་འགུལ་ལྟེ་གནས་རྒྱབ་རྟེན་དུ་བྱེད་པ་དང་། སྡེ་དོན་དང་འཕྲིན་བཅར། སློབ་གསོ་གཞི་གཅིག་ཅན་གྱི་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱས་ཏེ། རྩོལ་ནུས་འཐུས་ཚང་ཡིན་པ་དང་སྒྲིག་ཆས་ཆ་ཚང་བ། ཞབས་ཞུ་སྟབས་བདེ་ཡིན་པར་བྱས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།