སྤེལ་དུས།2018.08.09 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
22
1

ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར།  ཀྲུང་གོ་རེབ་གོང་ཐང་ཀ་འབྲི་བའི་འགྲན་སྡུར་སྐབས་བཞི་བ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་རེབ་གོང་ཐང་ཆེན་དུ་བསྡུས།   ཞིང་ཆེན་ཕྱི་ནང་ནས་ཡོང་བའི་ཐང་ཀ་སྒྱུ་རྩལ་པ་ལྔ་བརྒྱ་ལྔ་བཅུ་འགྲན་སྡུར་ལ་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན།   སྐབས་སྔོན་མ་གསུམ་གྱི་འགྲན་སྡུར་བསྒྲུབས་པ་བརྒྱུད།  རྨ་ལྷོ་ཁུལ་གྱི་ཐང་ཀ་སྒྱུ་རྩལ་པ་དག་གི་ཐང་ཀ་འབྲི་བའི་ལག་རྩལ་དང་རྨང་གཞིའི་རིག་གཞུང་ཤེས་བྱའི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད་པ་དང་།   སྒྱུ་རྩལ་པ་ཕན་ཚུན་བར་བརྗེ་རེས་འབྲེལ་འདྲིས་དང་སློབ་སྦྱོང་བྱས་ཏེ་ཐང་ཀ་གཙོ་ཡིན་པའི་རེབ་གོང་རིག་གནས་སྒྱུ་རྩལ་དྲིལ་སྒྲོག་བྱེད་པའི་ཤུགས་ཚད་སྔར་ལས་རྒྱ་ཆེ་རུ་བསྐྱེད།

ཉེ་བའི་ལོ་འགའི་རིང་ལ།  རེབ་གོང་སྒྱུ་རྩལ་གཙོ་ཡིན་པའི་རིག་གནས་ཐོན་ལས་རྨ་ལྷོ་ཁུལ་གྱི་རོང་འབྲོག་མང་ཚོགས་རྣམས་ཀྱིས་ལས་སྐྲུན་ཕྱུག་སྒྱུར་བྱེད་པའི་བྱེད་ཐབས་གཙོ་བོ་དང་། རྨ་ལྷོ་ཁུལ་གྱིས་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དཔལ་འབྱོར་འདེགས་སྐྱོར་དུ་གྱུར་ཡོད།   མིག་སྔར།  རྨ་ལྷོ་ཁུལ་གྱི་རིག་གནས་ཐོན་ལས་ཐད་ཀྱི་ལས་སྒྲུབ་མི་སྣ་ཁྲི་བཞི་ལྷག་ཡོད་པ་དང་།  ལོ་རེའི་ཡོང་འབབ་སྒོར་དུང་ཕྱུར་བདུན་ལྷག་ལ་སླེབས་ཡོད།

གསར་འགོད་པས་འགྲན་སྡུར་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་འགྲན་སྡུར་གྱི་དུས་ཡུན་ཉིན་གཅིག་ཡིན་པ་དང་།  ཐང་ཀ་འབྲི་བའི་དུས་བཅད་དུས་ཚོད་བཞི་ཡིན།   འགྲན་སྡུར་མཇུག་སྒྲིལ་རྗེས།  ཐེངས་འདིའི་འགྲན་སྡུར་གྱི་གཙོ་སྒྲུབ་ལས་ཁུངས་རྨ་ལྷོ་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་གདན་ཞུ་བྱས་པའི་ཆེད་མཁས་པ་དང་།  རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བཟོ་རྩལ་མཛེས་རྩལ་སློབ་དཔོན་ཆེན་མོ་སོགས་མི་ཉེར་བརྒྱད་ཀྱིས་གྲུབ་པའི་ཞིབ་དཔྱད་ཚན་ཆུང་གིས་འགྲན་སྡུར་བརྩམས་ཆོས་ལ་ཞིབ་བསྡུར་བྱས་ཏེ་ཨང་དང་པོ་དང་གཉིས་པ།  གསུམ་པ་བཅས་བསྡོམས་པ་བརྩམ་ཆོས་སོ་གཉིས་གདམས་ཐོན་བྱུང་།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།