མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་དང་སྤུས་ལེགས་ཕན་མཐོའི་ཁྱད་ལྡན་ཞིང་ལས་སྐུལ་འདེད་ལས་གཞི་ལག་བསྟར་བྱས།
2018.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཉེ་ལམ།   ཞིང་ལས་ཞིང་སྡེ་པུའུ་དང་ནོར་སྲིད་པུའུ་ཡིས་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་ལྔ་འབུམ་གཉིས་ཁྲི་དགུ་བཏང་སྟེ་ཏ་ཐུང་དང་ཧོང་ཀྲུང་རྫོང་གཉིས་སུ་ལྗང་མདོག་དང་སྤུས་ལེགས་ཕན་མཐོའི་ཁྱད་ལྡན་ཞིང་ལས་སྐུལ་འདེད་ལས་གཞི་ལག་བསྟར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།   ལས་གཞི་དེས་ལྗང་མདོག་ཐོན་སྐྱེད་ལག་རྩལ་རྒྱ་བསྐྱེད་པ་དང་ཞིང་ཕྱུགས་བེད་མེད་རྫས་རིགས་འཁོར་སྐྱོད་བཀོལ་སྤྱོད་བྱེད་པ།   སྔོ་ཚལ་མིང་རྟགས་གྲགས་ཅན་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་བརྒྱུད་དེ།  སྔོ་ཚལ་ཐོན་སྐྱེད་ལྗང་མདོག་ཅན་དང་སྤུས་ལེགས་ཅན།  ཁྱད་ཆོས་ཅན།  མིང་རྟགས་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་བ་དང་།  སྔོ་ཚལ་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཞིང་བ་རྣམས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་སྟེ་ཕྱུག་འགྱུར་དམིགས་འབེན་མངོན་འགྱུར་བྱས།   དེ་མིན།  ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྤུས་ལེགས་ཁྱད་ལྡན་ཞིང་ལས་གསོ་སྐྱོང་བྱེད་པ་དང་།  མཁར་གྲོང་སྡོད་དམངས་ཀྱི་མཛད་སྤྱོད་དགོས་མཁོ་སྔར་ལས་བསྐོང་བ་སོགས་ཀྱི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་ཐུབ།