ཚོང་དཔོན་ནོར་བཟང་བོད་རིག་གནས་ཉམས་ཞིབ་ཁང་གི་སྒོ་མོ་དངོས་སུ་ཕྱེས།
2018.08.16 ཁུངས། ཀློག་གྲངས། 1637

ཚོང་ལས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལ། དཔལ་འབྱོར་ནི་མི་སྒེར་དང་། མི་རིགས། རྒྱལ་ཁབ་ཀྱི་འཚོ་བའི་ཆ་རྐྱེན་དང་སྤྱི་ཚོགས་དགོས་མཁོ་འཕེལ་རྒྱས་གཏང་བྱེད་ཡིན་པས། དཔལ་འབྱོར་འཕེལ་རྒྱས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བ། རིག་གནས་ཆུ་ཚད་བཅས་ལ་རྨང་གཞི་བྱེད་ཅིང་ནུས་པ་བླ་ལྷག་འདོན་གྱིན་ཡོད། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཚོང་ལས་དང་རིག་གནས་ཟུང་འབྲེལ་དང་། གཞི་གཅིག་གྲུབ་ཀྱི་ངོ་བོའི་སྟེང་མཉམ་སྤེལ་མཉམ་འཕེལ་བྱེད་པ་ནི་དེང་གི་སྤྱི་ཚོགས་ཀྱི་ཚོང་ལས་ཀྱི་རིག་གནས་ཤིག་ཏུ་གྲུབ་འདུག་པས། དེ་རིང་གསར་དུ་ཕྱེ་བའི་ཚོང་དཔོན་ནོར་བུ་བཟང་པོ་བོད་རིག་གནས་ཉམས་ཞིབ་ཁང་གིས་ཚོང་ལས་དང་རིག་གནས་གཅིག་ཏུ་སྦྲེལ་ཞིང་། དེང་རབས་དང་སྲོལ་རྒྱུན་མཐུན་པར་སྦྱར་ལ། ས་གནས་དང་ཕྱི་ཡུལ་རིག་གནས་བར་མེད་དུ་འདྲེས་སྦྱོར་བྱས་ཏེ། གནའ་མཁར་ཟི་ལིང་གི་མཁར་ནུབ་ཐང་ལམ637དུ་གཞིས་ཆགས་ཤིང་། བཀྲ་ཤིས་པའི་གསར་འབྱེད་མཛད་སྒོའི་རྟེན་འབྲེལ་དང་འབྲེལ་དེ་རིང་སྔ་དྲོ་དངོས་སུ་སྒོ་མོ་རྣམ་པར་ཕྱེས།


མཚོ་སྔོན་ཚོང་དཔོན་ནོར་བཟང་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་ནི་སྤྱི་ལོ་༢༠༡༧ལོར་གསར་དུ་བཙུགས་ཤིང་ཚོང་དཔོན་ནོར་བཟང་རིག་གནས་ཉམས་ཞིབ་ཁང་ནི་མཐུན་གཉེར་ཁང་འདིས་གཙོ་སྒྲུབ་མཛད་བཞིན་ཡོད། ཚོང་དཔོན་ནོར་བཟང་རིག་གནས་ཉམས་ཞིབ་ཁང་ཞེས་པ་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་པའི་ཚོང་ལས་ཕྱོགས་བསྡུས་རང་བཞིན་ཅན་གྱི་ཕོ་བྲང་ཞིག་ཡིན་ལ།འདིས་མ་འོངས་པའི་བོད་ཀྱི་རིག་གནས་འཕེལ་རྒྱས་དང་ཐོན་རྫས་གསར་སྤེལ། ཚོང་ལས་ལས་རིགས་སོགས་གཙོ་བོར་བཟུང་ནས་ནུས་ཤུགས་གང་ཡོད་ཀྱིས་མདོ་དབུས་མཐོ་སྒང་ཁྱད་ཆོས་ཅན་དུ་བསྒྱུར་བར་འབད་བརྩོན་བྱ་རྒྱུའི་འཆར་གཞི་བཏིང་འདུག

མཚོ་སྔོན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་དང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན།


         མཚོ་སྔོན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་དང་། རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་ཚོང་དཔོན་ནོར་བཟང་གི་ལོ་རྒྱུས་དང་འབྲེལ་ནས་ཚོང་དཔོན་ཁོང་གི་སྙིང་སྟོབས་དང་། སྤྱི་ཚོགས་ལ་བཏོན་པའི་ནུས་པ་སོགས་གླེང་ལ། དེ་ནས་བོད་ཀྱི་ཚོང་ལས་ཡར་སྐུལ་དང་འབྲེལ་ཚོང་ལས་ཀྱི་དགོས་པ་ནི་ཚོང་ལས་ཡར་སྐུལ་ཡིན་ཞིང་། དམིགས་ཡུལ་ནི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། ཐབས་ལམ་ནི་ཚོང་བ་མཉམ་འབྲེལ་བྱེད་པ། མ་འོངས་པའི་ཁ་ཕྱོགས་ནི་རྒྱལ་སྤྱིའི་ཚོང་ལས་དང་བོད་ཀྱི་རིག་གནས་ཟུང་འབྲེལ་གྱི་ལམ་ཁ་གསར་བ་འཚོལ་དགོས་ཞེས་ཉམས་མྱོང་དང་ཐབས་ལམ་གྱི་སྐོར་ནས་གསུང་བཤད་གནང་།

ཚོང་དཔོན་ནོར་བཟང་བོད་ཀྱི་རིག་གནས་ཉམས་ཞིབ་ཁང་གི་ཚོགས་གཙོ་ལྡོང་ལེན།

ཚོང་དཔོན་ནོར་བཟང་བོད་ཀྱི་རིག་གནས་ཉམས་ཞིབ་ཁང་གི་ཚོགས་གཙོ་ལྡོང་ལེན་གྱིས་བཤད་རྒྱུར། ལོ་ངོ་གཅིག་རིང་གི་འབད་བརྩོན་དང་ཡིད་ཆེས་བརྟན་པོའི་ཁྲོད་ཚོང་དཔོན་ནོར་བཟང་བོད་ཀྱི་རིག་གནས་ཉམས་ཞིབ་ཁང་ཟི་ལིང་གྲོང་ཁྱེར་གྱི་ཚོང་ལས་ལྟེ་བ་ཐང་ལམ637ནས་རྩ་བ་ཚུགས་པ་ཡིན་ལ། འདི་ཡིས་བོད་ཀྱི་རིག་གནས་དར་སྤེལ་དང་བོད་ཀྱི་ཐོན་རྫས་ཕྱིར་འཚོང་བྱེད་པ་སྲོག་ཤིང་བཟུང་ཡོད་ཅིང་། འདི་ལ་མཉམ་འབྲེལ་རང་བཞིན་དང་། ཉམས་ཞིབ་རང་བཞིན། ཕྱོགས་བསྡུས་རང་བཞིན་གྱི་ཚོང་ལས་ཀྱི་ཁོར་ཡུག་རྨད་དུ་བྱུང་བ་ཞིག་ཡོད་པས། འདིས་རྒྱལ་སྤྱིའི་མཐོང་ལམ་སྒོ་ནས་བོད་རིག་གནས་དང་ཚོང་ལས་དར་སྤེལ་ལ་ནུས་པ་གང་ཡོན་འདོན་རྒྱུ་ཡིན་ཟེར།

ཚོང་དཔོན་ནོར་བཟང་བོད་ཀྱི་རིག་གནས་ཉམས་ཞིབ་ཁང་གི་སྤྱི་གཉེར་བ་རྡོ་རྗེ་ཚེ་རིང་།

ཚོང་དཔོན་ནོར་བཟང་བོད་ཀྱི་རིག་གནས་ཉམས་ཞིབ་ཁང་གི་སྤྱི་གཉེར་བ་རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར། རིག་ནས་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་ལ། ཁེ་ལས་རིག་གནས་ནི་ཁེ་ལས་ཞིག་གི་ཟུངས་ཁྲག་ལྟ་བུ་ཡིན། རྒྱུད་འཛིན་གྱི་ཤེས་རབ་ཇི་ལྟར་རྒྱས་ན་གསར་གཏོད་ཀྱི་ནུས་པ་དེ་ལྟར་འཕེལ་བ་ལྟར། མི་རིགས་ལ་དབང་བ་ཐམས་ཅད་འཛམ་གླིང་སྤྱི་ལ་དབང་བ་དང་། མི་རིགས་རིག་གནས་ལ་རྒྱུད་འཛིན་མཁོ་ཞིང་། རྗེས་རབས་པ་ཚང་མའི་འབད་བརྩོན་དེ་བས་ཀྱང་མཁོ། ཚོང་དཔོན་ནོར་བཟང་རིག་གནས་ཉམས་ཞིབ་ཁང་གིས་ཚོང་གཉེར་དང་ཚོང་ལས་རིག་པའི་སློབ་གླིང་གི་ཆེད་སྦྱོང་ལ་བརྟེན་ནས། གཅིག་ནས་དཔལ་འབྱོར་འཕེལ་རྒྱས་དང་། གཉིས་ནས་བསམ་བློའི་རྒྱགས་ཕྱེར་འགྱུར་བ་བཅས་མ་འོངས་པའི་འཚོ་བའི་ནང་ཚོང་དཔོན་ནོར་བཟང་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བ་དང་ཆབས་ཅིག་མི་རིགས་ཀྱི་ཁེ་ལས་དང་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ། མི་རིགས་རིག་གནས་བརྒྱུད་བསྒྲགས་དང་དར་སྤེལ་གཏོང་བའི་ཡིད་ཆས་བརྟན་པོ་ཡོད་ཟེར།

འཆར་བཀོད་ནི།

དང་པོ། ཚོང་གཉེར་གྱི་གླེང་སྟེགས་བསྐྲུན་པ།

 གཉིས་པ། ཚོང་གཉེར་སྦྱོང་བརྡར་ལྟེ་གནས་འཛུགས་པ། 

གསུམ་པ། ཚོང་དཔོན་ནོར་བཟང་གི་ཚོང་གཉེར་འགྲན་སྡུར་འཚོགས་པ། 

བཞི་བ། ཚོང་གཉེར་ལ་རྒྱུ་ཤུགས་འདོན་པ་དང་ཚོང་གཉེར་དར་སྤེལ་གཏོང་བ།

ལྔ་བ། ཕུགས་བསམ་མངོན་འགྱུར་བྱེད་པ།

ཚོང་དཔོན་ནོར་བཟང་བོད་ཀྱི་རིག་གནས་ཉམས་ཞིབ་ཁང་གི་སྒོ་མོ་དངོས་སུ་ཕྱེ་བ་དང་བསྟུན། མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་ཚོང་ལས་དང་རིག་གནས་ཕྱོགས་བསྡུས་ཅན་གྱི་མི་རིགས་ཚོང་ལས་རིག་གནས་ཅན་འཁྲུངས་པ་རེད་ལ། རྣམ་པ་འདིའི་རིགས་ནི་དེང་གི་སྤྱི་ཚོགས་ཀྱི་འཕེལ་འགྲོས་དང་མཐུན་ཞིང་། རྒྱལ་ཁབ་ཀྱིས་བཏོན་པའི་མི་རིགས་རིག་གནས་དང་ཚོང་ལས་ཐོན་རྫས་མཐུན་སྦྱོར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་དཔལ་འབྱོར་འཚོ་བ་གོང་དུ་སྤེལ་བ་དང་། མི་རིགས་ཐོན་ལས་གསར་སྐྲུན་དང་ལས་སྒོ་གསར་འབྱེད་བྱེད་པའི་སྤྱི་ཚོགས་རིང་ལུགས་གསར་བའི་སྲིད་ཇུས་དང་ཡང་མཐུན་པས། བོད་ཀྱི་ན་གཞོན་དག་གི་ལས་སྒོ་གསར་འབྱེད་དང་ལས་ཞུགས་ཐད་ལ་མཐུན་རྐྱེན་དང་མིག་དཔེ་བཟང་པོ་བསྟན་ཞིང་། མི་རིགས་རིག་གནས་དང་མི་རིགས་ཐོན་ལས་ཇི་ལྟར་འབྲེལ་བའི་སྐོར་ལའང་མིག་དཔེ་བཟང་པོ་ཞིག་བསྟན་འདུག

ཚོང་དཔོན་ནོར་བུ་བཟང་པོའི་སྐུ་བརྙན།

ཕྱོགས་བཞིའི་མགྲོན་པོ་སླེབས་པ།

ཕྱོགས་བཞིའི་མགྲོན་པོ་སླེབས་པ།

ཕྱོགས་བཞིའི་མགྲོན་པོ་སླེབས་པ།

ཕྱོགས་བཞིའི་མགྲོན་པོ་སླེབས་པ།

ཕྱོགས་བཞིའི་མགྲོན་པོ་སླེབས་པ།

ཕྱོགས་བཞིའི་མགྲོན་པོ་སླེབས་པ།

གླུ་བ་དཔལ་ལྡན་གྱི་དམངས་གླུ་ལེན་པ།

གླུ་མ་གཡང་མོ་སྒྲོལ་མས་དམངས་གླུ་ལེན་པ།

གླུ་བ་རིན་ཆེན་གྱིས་གླུ་གཞས་ལེན་པ།

ཐོག་བརྩེགས་དང་པོར་༼ཧི་མ་ལ་ཡར་མཇལ་བ་༽ཞེས་བའི་བོད་ཀྱི་ལག་ཤེས་བཟོ་རྩལ་གཙོར་བཟུང་ནས་མི་རིགས་ཀྱི་རིག་གནས་ཐོན་རྫས་སྣ་ཚོགས་འགྲེམ་ཚོང་བྱས་ཏེ་ལོ་ངོ་སྟོང་ཕྲག་རིང་གི་བོད་ཀྱི་བཟོ་རྩལ་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་དགེ་མཚན་གསར་བ་བསྐྲུན།

ཐོག་བརྩེགས་གཉིས་པར་༼ནོར་བཟང་ཁོ་ཧྥེ་༽ཞེས་བའི་ནོར་བཟང་ཁོ་ཧྥེ་དང་འོ་ཇ། བོད་ཟས་དང་ནང་འདྲེན་རྒུན་ཆང་སྣ་ཚོགས། ཆང་དང་སྟབས་བདེའི་ཟས་རིགས་སོགས་འཚོ་བའི་ལོངས་སྤྱོད་དུ་བཀོད་སྒྲིག་བྱས་ཡོད།

ཐོག་བརྩེགས་གསུམ་པ་ནི་བོད་ཟས་ཁང་ཡིན་ལ། ཚོང་དཔོན་ནོར་བཟང་གི་རིག་གནས་དང་༼རྒྱུད་གཅིག་ལམ་གཅིག་༽གི་ཚོང་ལམ། ནོར་གནག མཚོ་སྔོན་གྱི་མཛེས་ལྗོངས། རྫ་ཆས། རང་ཁྱིམ་དང་གཞོན་པའི་མདངས་ཞེས་དམིགས་གསལ་གྱི་རྣམ་པ་དང་བཟོ་བཀོད་མི་འདྲ་བ་ལྟར་བཀོད་སྒྲིག་བྱས་ཤིང་། ཁང་མིག་རེ་རེས་ས་གནས་རང་བཞིན་དང་། མི་རིགས་རང་བཞིན།གནས་དུས་རང་བཞིན་སོགས་ཀྱི་ཁྱད་ཆོས་ཀྱང་མཚོན་འདུག

མཛད་སྒོའི་ཡུལ་དངོས།

སྐུ་མགྲོན་དག་གི་དྲན་རྟེན་མཉམ་པར།