ཚོང་དཔོན་ནོར་བཟང་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་དང་ཚོང་དཔོན་ནོར་བཟང་ཚོང་ལས་རིག་པའི་སློབ་གླིང་གི་དབུ་འབྱེད་འཛད་སྒོ་ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་ཁུལ་གསར་ནས་སྤེལ།
2018.08.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1243


ཚོང་དཔོན་ནོར་བཟང་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་དང་ཚོང་དཔོན་ནོར་བཟང་ཚོང་ལས་རིག་པའི་སློབ་གླིང་གི་དབུ་འབྱེད་མཛད་སྒོ་དེ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཡི་ཧའེ་ཧུའུ་ཁུལ་གསར་ནས་གཟབ་རྒྱས་ངང་བསྡུས།

མཚོ་སྔོན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་དང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན།

ཚོང་དཔོན་ནོར་བཟང་བོད་ཀྱི་རིག་གནས་ཉམས་ཞིབ་ཁང་གི་ཚོགས་གཙོ་ལྡོང་ལེན།

ཚོང་དཔོན་ནོར་བཟང་བོད་ཀྱི་རིག་གནས་ཉམས་ཞིབ་ཁང་གི་སྤྱི་གཉེར་བ་རྡོ་རྗེ་ཚེ་རིང་།

ཚོང་དཔོན་ནོར་བཟང་བོད་ཀྱི་རིག་གནས་ཉམས་ཞིབ་ཁང་གི་སྤྱི་གཉེར་བ་རྡོ་རྗེ་ཚེ་རིང་ལ་བཅར་འདྲི་བྱེད་བཞིན་པ།

དབུ་འབྱེད་མཛད་སྒོའི་ཚོགས་རའི་ཡུལ་དངོས།

ཚོང་དཔོན་ནོར་བཟང་གི་ཕྱིའི་རྣམ་པ།

ཚོང་དཔོན་ནོར་བཟང་གི་ནང་གི་བཀོད་པ།

ཟླ8པའི་ཚེས16ཉིན་གྱི་སྔ་དྲོར། ཚོང་དཔོན་ནོར་བཟང་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་དང་ཚོང་དཔོན་ནོར་བཟང་ཚོང་ལས་རིག་པའི་སློབ་གླིང་གི་དབུ་འབྱེད་མཛད་སྒོ་དེ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཡི་ཧའེ་ཧུའུ་ཁུལ་གསར་ནས་གཟབ་རྒྱས་ངང་བསྡུས་པ་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ལས་བྱེད་མི་སྣ་དང་ཁེ་ལས་པ། སྨྱན་བྱད་ལས་ཁུངས་འགའི་གསར་འགོད་པ་སོགས་མི་ཉིས་བརྒྱ་ཙམ་དབུ་འབྱེད་མཛད་སྒོར་ཞུགས།

མཚོ་སྔོན་ཚོང་དཔོན་ནོར་བཟང་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་ནི་སྤྱི་ལོ2017ལོར་གསར་དུ་བཙུགས་ཤིང་ཚོང་དཔོན་ནོར་བཟང་རིག་གནས་ཉམས་ཞིབ་ཁང་ནི་མཐུན་གཉེར་ཁང་འདིས་གཙོ་སྒྲུབ་མཛད་བཞིན་པའི་ལས་གཞི་དང་པོ་ཡིན་པ་དང་། ལས་གཞི་འདི་ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་ཁུལ་གསར་གྱི་ཐང་ལམ་ཚོང་ལས་ལྟེ་གནས་སུ་བསྒྲུབ་བཞིན་ཡོད་ལ། ཚོང་དཔོན་ནོར་བཟང་རིག་གནས་ཉམས་ཞིབ་ཁང་ཞེས་པའི་ལས་གཞི་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་པའི་ཚོང་ལས་ཕྱོགས་བསྡུས་རང་བཞིན་ཅན་གྱི་ལས་གཞི་ཞིག་ཡིན་ཞིང་། བོད་ཀྱི་ལག་ཤེས་བཟོ་རྩལ་གཙོར་བཟུང་ནས་མི་རིགས་ཀྱི་རིག་གནས་ཐོན་རྫས་སྣ་ཚོགས་འགྲེམ་ཚོང་བྱེད་བཞིན་ཡོད་པ་དང་རྣམ་པ་གསར་བ་དང་རོ་བཅུད་མི་འདྲ་བའི་དག་གཙང་གི་བོད་ཟས་སྣ་ཚོགས་ལ་ཡང་རོལ་མྱོང་བྱེད་ཐུབ་པ་རེད། ཚོང་དཔོན་ནོར་བཟང་རིག་གནས་ཉམས་ཞིབ་ཁང་ལ་བསྡོམས་པས་ཐོག་བརྩེགས་རིམ་པ་གསུམ་ཡོད་པར་མ་ཟད། རྒྱ་ཆེའི་སྐུ་མགྲོན་རྣམས་ཀྱི་ཆེས་མཐོའི་མཛད་སྤྱོད་དང་ཞབས་ཞུའི་དགོས་མཁོར་དམིགས་ནས་ཐོག་བརྩེགས་རེ་རེར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་ཞུ་ལས་རིགས་མི་འདྲ་བ་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་པ་རེད།

ཚོང་དཔོན་ནོར་བཟང་རིག་གནས་ཉམས་ཞིབ་ཁང་གིས་ཚོང་དཔོན་ནོར་བཟང་ཚོང་ལས་རིག་པའི་སློབ་གླིང་ཞེས་པ་བཙུགས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པ་དང་། ཆེད་མཁས་པ། མཁས་ཆེན་སོགས་གདན་དྲངས་ནས་ཚོང་ལས་དང་། ཁེ་ལས་དོ་དམ། ཚོང་གཉེར་རིག་པ་སོགས་ཀྱི་འཆད་ཁྲིད་མཛད་དེ། བོད་ཀྱི་ཁེ་ལས་པ་དག་ལ་ཚོང་ལས་གྱི་སྒོ་མོ་གསར་བ་ཕྱེས་པ་དང་།  བོད་ཀྱི་ཚོང་ལས་ཐད་ཀྱི་ཤེས་ལྡན་མི་སྣ་མང་པོ་སྐྱེད་སྲིང་བྱེད་རྒྱུ་མ་ཟད། ལས་སྒོ་གསར་སྤེལ་གྱི་འགྲན་བསྡུར་སོགས་བརྒྱུད་དེ། རོང་འབྲོག་ས་ཁུལ་གྱི་ཚོང་ལས་ཐོན་ཁུངས་སྣ་ཚོགས་སྔོག་འདོན་དང་བསྡུ་སྒྲིག་བྱེད་པ། ལས་སྒོ་གསར་སྤེལ་གྱི་ཞབས་ཞུའི་སྟེགས་བུ་བཟང་པོ་ཞིག་བསྐྲུན་པ། ལས་སྒོ་གསར་སྤེལ་གྱི་རིག་གནས་དར་སྤེལ་བཏང་སྟེ། བསམ་བློ་ལེགས་པོ་ལྡན་པའི་གཞོན་སྐྱེས་དག་ཚོང་ལས་ཀྱི་ལམ་དུ་ཞུགས་པར་རྟིང་སྐུལ་དང་། རོང་འབྲོག་ས་ཁུལ་གྱི་ཐོན་རྫས་ལེགས་པོ་རྣམས་ཚོང་རྭར་འདྲེན་ཅི་ཐུབ་བྱས་ཏེ་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་འདོན་ཅི་ཐུབ་བྱེད་རྒྱུ་རེད།

ཚོང་དཔོན་ནོར་བཟང་རིག་གནས་མཐུན་གཉེར་ཁང་གི་སྤྱི་གཉེར་བ་རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར།༼    སྒྲ  ༽  

ནོར་བཟང་ཕོ་བྲང་གི་མ་འོངས་པའི་ཁ་ཕྱོགས་ཐད་ནས་སྤྱི་གཉེར་བ་རྡོ་རྗེ་ཚེ་རིང་གིས་འདི་ལྟར་བཤད་བྱུང་། 

༼    སྒྲ  ༽

ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་དང་རྒྱབ་སྐྱོར་འོག་རིགས་སོ་སོའི་མང་ཚོགས་ཀྱི་དཔལ་འབྱོར་དང་འཚོ་བར་ཡང་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བཞིན་ཡོད་ལ། ཚོང་དཔོན་ནོར་བཟང་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་གིས་ཀྱང་བོད་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་དང་ཚོང་དོན་ལས་རིགས། ལྷག་བསམ་ཟོལ་མེད་ཀྱི་ཞབས་ཞུའི་ལས་རིགས་སོགས་ལ་བརྟེན་ནས་མ་འོངས་པའི་བོད་ཁུལ་གྱི་དཔལ་འབྱོར་དང་རིག་གནས། ཐོན་རྫས་གསར་སྤེལ། ཚོང་ལས་ལས་རིགས་སོགས་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་སྐུལ་འདེད་དང་སྣེ་ཁྲིད་ཀྱི་ནུས་པ་མི་དམན་པ་ཞིག་ཐོན་སྲིད་པ་རེད།


གསར་འགོད་པ། ཤ་བོ་གསེར་མཚོ།