མཚོ་སྔོན་ཞིང་ཆེན་གྱིས་སྐོར་གཉིས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དྲུག་ས་ཡ་གཅིག་འབུམ་བརྒྱད་ཁྲི་བཞི་བྱིན།
2018.09.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ས་ཁུལ་སོ་སོས་སྨན་བཅོས་རོགས་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་དང་།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབུལ་ཕོངས་མང་ཚོགས་ཀྱིས་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཆེད།  ཟླ་བརྒྱད་བའི་ཚེས་སུམ་ཅུ་ཉིན།   མཚོ་སྔོན་ཞིང་ཆེན་གྱིས་སྐོར་གཉིས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དྲུག་ས་ཡ་གཅིག་འབུམ་བརྒྱད་ཁྲི་བཞི་བཏང་།   ད་ལོར་ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རོགས་སྐྱོར་ཐད་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་དྲུག་ས་ཡ་གཅིག་འབུམ་བརྒྱད་ཁྲི་བཞི་བྱིན་པ་དང་།  དེ་ན་ནིང་དང་བསྡུར་ན་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་ས་ཡ་བདུན་ཁྲི་བརྒྱད་ཀྱིས་ཇེ་མང་དུ་སོང་ཡོད།   དེའི་ནང་།   སྐོར་དང་པོའི་ཞིང་ཆེན་རིམ་པའི་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཉིས་ན་ནིང་གི་ལོ་མཇུག་ལ་ས་ཁུལ་སོ་སོར་བྱིན།

ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་ས་ཁུལ་སོ་སོའི་དམངས་སྲིད་དང་ནོར་སྲིད་སྡེ་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོར་མ་དངུལ་དོ་དམ་བྱ་བའི་གོ་རིམ་ཚད་ལྡན་དུ་གཏོང་དགོས་པ་དང་།  མ་དངུལ་བགོ་འགྲེམ་ཇུས་གཞིར་ཞིབ་འཇུག་བྱས་ཏེ་ཟླ་གཅིག་གི་ནང་རོགས་སྐྱོར་མ་དངུལ་རྫོང་རིམ་པའི་ནོར་སྲིད་སྡེ་ཁག་ལ་སྟེར་དགོས་པའི་བླང་བྱ་བཏོན།   དེར་མ་ཟད།   སྨན་བཅོས་རོགས་སྐྱོར་མ་དངུལ་དོ་དམ་བྱེད་ཐབས་གཟབ་ནན་གྱིས་ལག་བསྟར་བྱེད་པ་དང་། ས་ཁུལ་སོ་སོའི་རོགས་སྐྱོར་མ་དངུལ་གཏན་ཁེལ་ལྟར་དངོས་འབེབས་དོན་འཁྱོལ་བྱེད་པ།  སྲིད་ཇུས་གསོ་སྦྱོང་དང་དྲིལ་སྒྲོག་ཤུགས་ཚད་ཆེ་རུ་བཏང་སྟེ་སྨན་བཅོས་རོགས་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།