མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་སྐོར་གཉིས་པའི་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་བརྒྱད་ས་ཡ་གཅིག་འབུམ་གསུམ་ཁྲི་གཉིས་བཏང་།
2018.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ཉེ་ལམ།  མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་སྐོར་གཉིས་པའི་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་བརྒྱད་ས་ཡ་གཅིག་འབུམ་གསུམ་ཁྲི་གཉིས་བཏང་སྟེ་གཅིག་གྱུར་སྒོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་མི་སྣ་དང་ཧ་ཅང་དབུལ་ཕོངས་ཡིན་པའི་མི་སྣར་རོགས་སྐྱོར་བྱེད་པ་དང་།  གནས་སྐབས་རོགས་སྐྱོར།  དྭ་ཕྲུག་དང་དཀའ་ཁག་ཡོད་པའི་བྱིས་པ་སོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ཐད་བཀོལ་སྤྱོད་བྱས།   ད་ལོར།   ཀྲུང་དབྱང་གིས་བསྡོམས་པས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོར་ཁ་གསབ་ཐད་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་བྱེ་བ་གཅིག་ས་ཡ་གསུམ་ཁྲི་དགུ་བྱིན་པ་དང་།  ལོ་སྔོན་དང་བསྡུར་ན་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་བརྒྱད་འབུམ་གཉིས་ཁྲི་གཉིས་ཀྱིས་ཇེ་མང་དུ་སོང་ཡོད།  དེའི་ཁྲོད་སྐོར་དང་པོའི་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་གསུམ་ས་ཡ་གཅིག་འབུམ་བདུན་ཁྲི་བདུན་ན་ནིང་གི་ལོ་མཇུག་ལ་ས་ཁུལ་སོ་སོར་བྱིན།

ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་ས་ཁུལ་སོ་སོའི་ནོར་སྲིད་དང་དམངས་སྲིད་སྡེ་ཁག་གིས་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོར་ཁ་གསབ་མ་དངུལ་སྟེར་བའི་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ་མགྱོགས་མྱུར་སྒོས་མ་དངུལ་བགོ་འགྲེམ་ཇུས་གཞིར་ཞིབ་འཇུག་བྱེད་དགོས་པ་དང་།  ཟླ་གཅིག་གི་རིང་ལ་མ་དངུལ་དག་རྫོང་སོ་སོར་སྟེར་དགོས་པའི་བླང་བྱ་བཏོན།  དེ་མིན།   རོགས་སྐྱོར་ཁ་གསབ་མ་དངུལ་གཟབ་ནན་གྱིས་བཀོལ་སྤྱོད་དོ་དམ་བྱེད་པ་དང་སྔོན་རྩིས་ལག་བསྟར་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ།   མ་དངུལ་བཀོལ་སྤྱོད་ཕན་ནུས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབུལ་ཕོངས་མང་ཚོགས་དག་གི་གཞི་རྩའི་འཚོ་བར་ནུས་ཡོད་སྒོས་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།