གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ་དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་བའི་བྱ་དགའ་གནང་བའི་དགོང་ཚོགས་བསྡུས།
2018.09.16 ཁུངས། ཀློག་གྲངས། 5245

ཚེས16ཉིན་གྱི་ཕྱི་དྲོར། གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ་དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་བའི་བྱ་དགའ་གནང་བའི་དགོང་ཚོགས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས་ཤིང་། དགོང་ཚོགས་སྟེང་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་སྙན་སྒྲོན་པ་རྣམས་ཀྱིས་གསལ་དག་སྙན་གསུམ་ཚང་བའི་ངག་གི་འགྱུར་ཁུག་དང་ལུས་ཀྱི་ཉམས་འགྱུར་གྱིས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཅིང་། དེ་མིན་སྐབས་འདིའི་འགྲན་ཚོགས་སྟེང་བྱ་དགའ་ཐོབ་པའི་འགྲན་ཞུགས་སློབ་མ་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་གྱེར་བྱའི་སྙན་ངག་སྙན་འཇེབས་ལྡན་པའི་སྐད་ངག་ལ་དྲངས་ཏེ། ལྟད་མོ་བ་ཀུན་གྱི་སྙན་ལམ་དུ་བསྒྲོན་ཞིང་མིག་ལམ་དུ་བསྟར་བས། དགོང་ཚོགས་ལ་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས།

      ཐེངས་འདིའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ལ་མཚོན་ན། 2015ལོ་ནས2017ལོའི་བར་གྱི《གངས་རྒྱན་མེ་ཏོག》དེབ་བཅུ་གཉིས་པོའི་སྟེང་གི་བརྩམས་ཆོས་རྣམས་དཔྱད་འདེམས་པ་དག་གིས་དཔྱད་བསྡུར་གཏིང་ཟབ་བྱས་པ་བརྒྱུད། བརྩམས་ཆོས་དྲུག་གཏན་ལ་ཕབ་སྟེ་བྱ་དགའ་གནང་བ་ཡིན།

དགོང་ཚོགས་སྟེང་སྨན་བླ་སྐྱབས་ཀྱིས་བྲིས་པའི《ལྷ་སའི་སྙན་ངག》ཅེས་པ་ལ་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་པའི་དཔྱད་འདེམས་ཚོགས་པའི་དམིགས་བསལ་གཟེངས་རྟགས་ཀྱི་བྱ་དགའ་གནང་ཞིང་། ཕག་མོ་དོན་གྲུབ་ཀྱིས་བྲིས་པའི་(གཅན་ཆེད་འབར)《སྙན་ངག<སེང་གེ>ཡི་དཔྱད་བརྗོད་དང་གཞན་དག》ཅེས་པའི་སྙན་ངག་དཔྱད་བརྗོད་དང་གཡང་འབུམ་ཚེ་རིང་གིས(གཡུ་སྲས)བྲིས་པའི《སྙན་ཚོམ་ལྷ་སའི་བག་ཆགས》ཞེས་པ། མགོན་པོ་ཚེ་རིང་གིས(ཉྭ་སྲིན་པོ)བྲིས་པའི་རང་མོས་སྙན་ངག《ཁྱེད་མཚོན་བྱེད་དུ》(ཞར་བཀོད་བཞི)ཞེས་པ། སྤེན་པ་དོན་གྲུབ་ཀྱིས་བྲིས་པའི་རང་མོས་སྙན་ངག《རྫོང་རྒྱབ་ཀླུ་ཁང་གི་ཕྱི་ནང་དུ》(ཞར་བཀོད་གཅིག)ཞེས་པ། དབྱངས་འབུམ་ཚེ་རིང་གིས་བྲིས་པའི་ཚིགས་བཅད་སྙན་ངག《གཏེར་ལེན་ཁའི་རབ་བྱེད》བཅས་ལ“གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་པའི”བྱ་དགའ་གནང་། གཞན་ད་དུང་ན་གཞོན་སྙན་ངག་པ་ཁྲི་སེམས་དཔའ་དང་ཐོ་རེངས་གཉིས་ལ་ཐེངས་འདིའི་གངས་རྒྱན་མེ་ཏོག་རྟགས་མའི་གདན་ཞུའི་རྩོམ་སྒྲིག་པའི་བྱ་དགའ་གནང་།
       དེ་མིན་གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པའི་སྟེང་བྱ་དགའ་ཐོབ་པའི་འགྲན་ཞུགས་སློབ་གྲོགས་རྣམས་ཏེ། ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་སྒྲོལ་མ་ལྷ་མོ་ལ་ཨང་དང་པོ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ལྷ་མོ་དབྱངས་ཅན་དང་སི་ཁྲོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་པདྨ་བདེ་སྐྱིད་གཉིས་ལ་ཨང་གཉིས་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་རྒྱ་མཚོ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གྲོགས་དབྱངས་ཅན་ལྷ་མོ། བོད་ལྗོངས་སློབ་ཆེན་གྱི་སློབ་གྲོགས་བློ་བཟང་ཚེ་རིང་གསུམ་ལ་ཨང་གསུམ་པ། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཆོལ་གསུམ་སྨྲ་ངག་ཚན་སྡེབ(ཨོ་རྒྱན་སྒྲོལ་མ། བཀྲ་ཤིས་དགེ་ལེགས། ཚེ་རིང་དཔལ་མོ)དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཚེ་བརྟན་རྒྱལ། ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་དྭངས་གསལ་ལྷ་མོ། སི་ཁྲོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་མགོན་དཀར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཡུམ་སྐྱབས་རྒྱལ། རྔ་བ་དགེ་ཐོན་སློབ་གླིང་གི་སློབ་གྲོགས་དྲི་མེད་ཡེ་ཤེས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་ཕུན་ཚོགས་རྒྱ་མཚོ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་གྲོགས་སྐལ་བཟང་བཅས་ལ་ཕུལ་བྱུང་བྱ་དགའ་ཐོབ།

དགོང་ཚོགས་ཡུལ་དངོས་སུ་ཕེབས་པའི་འབྲེལ་ཡོད་མགོ་ཁྲིད།

མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགོང་ཚོགས་ཀྱི་མདོ་འཛིན་པ་རྣམས།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྐྱེས་མ་མདོ་འཛིན་པ་སྐོར་ཞིག་གིས་གངས་ལྗོངས་སྨོན་ལམ་ཆེན་མོ་ཞེས་པའི་སྙན་ངག་གྱེར་འདོན་བྱེད་བཞིན་པ།

བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་སྙན་སྒྲོན་པ་ཀུན་འགྲུབ་ཀྱིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཚེ་རིང་བཀྲ་ཤིས་དང་ལྷ་མོ་ཡག་གཉིས་ཀྱིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།

གླུ་བ་བཀྲ་ཤིས་ཕུན་སྟོབས་ཀྱིས་སྙན་མོ་ངག་གི་མཆོད་པ་འབུལ་བཞིན་པ།

མདོ་འཛིན་པ་བྱམས་པ་རྡོ་རྗེ་དང་སྐལ་བཟང་སྒྲོལ་མ་གཉིས་ཀྱིས་བྱ་དགའ་ཨང་གསུམ་པ་ཐོབ་མཁན་གྱི་མིང་ཐོ་ཁྱབ་སྒྲོག་བྱེད་བཞིན་པ།

འབྲེལ་ཡོད་མགོ་ཁྲིད་ཀྱིས་ཨང་གསུམ་པ་ཐོབ་མཁན་གྱི་འགྲན་ཞུགས་པར་བྱ་དགའ་གནང་བཞིན་པ།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྙན་སྒྲོན་པ་འབྲུག་ལྷ་རྒྱལ་གྱིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།

ཚོགས་རའི་ཟུར་ཞིག

བྱ་དགའ་ཨང་གསུམ་པ་ཐོབ་མཁན་གྱི་འགྲན་ཞུགས་པ་དག་གིས་སྙན་ངག་གྱེར་བཞིན་པ།

ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་བྱམས་པ་རྡོ་རྗེ་ཡིས་སྙན་ངག་གྱེར་བཞིན་པ།

མཚོ་སྔོན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་འཐུས་ཚབ་པས་སྙན་ངག་གྱེར་བཞིན་པ།

སྙན་སྒྲོན་པ་གྲགས་ཅན་ཀུན་འགྲུབ་དང་འབྲུག་ལྷ་རྒྱལ་གཉིས་ཀྱིས་བྱ་དགའ་ཨང་གཉིས་པ་ཐོབ་མཁན་གྱི་མིང་ཐོ་ཁྱབ་སྒྲོག་བྱེད་བཞིན་པ།

འབྲེལ་ཡོད་མགོ་ཁྲིད་ཀྱིས་ཨང་གཉིས་པ་ཐོབ་མཁན་གྱི་འགྲན་ཞུགས་པར་བྱ་དགའ་གནང་བཞིན་པ།

མཚོ་ལྷོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་སྐལ་བཟང་སྒྲོལ་མས་སྙན་ངག་གྱེར་འདོན་བྱེད་བཞིན་པ།

བྱ་་དགའ་ཨང་གཉིས་པ་ཐོབ་མཁན་གྱི་འགྲན་ཞུགས་པ་ལྷ་མོ་དབྱངས་ཅན་གྱིས་ཡུལ་དངོས་སུ་སྙན་ངག་གྱེར་འདོན་བྱེད་བཞིན་པ།

བྱ་་དགའ་ཨང་གཉིས་པ་ཐོབ་མཁན་གྱི་འགྲན་ཞུགས་པ་པདྨ་བདེ་སྐྱིད་ཀྱིས་ཡུལ་དངོས་སུ་སྙན་ངག་གྱེར་བཞིན་པ།

ཚོགས་རའི་ཟུར་ཞིག

གླུ་མ་སྒྲོལ་མ་གཡང་འཛོམས་ཀྱིས་སྙན་མོ་ངག་གི་མཆོད་པ་འབུལ་བཞིན་པ།

འབྲེལ་ཡོད་མི་སྣས་སྐབས་ལྔ་བའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་རྣམས་ལ་བྱ་དགའ་གནང་བཞིན་པ།

སྙན་སྒྲོན་པ་གྲགས་ཅན་ཕུར་བ་ཡིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྐྱེས་པ་མདོ་འཛིན་པ་སྐོར་ཞིག་གིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།

སྙན་སྒྲོན་པ་གྲགས་ཅན་ཕུར་བ་དང་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་གཉིས་ཀྱིས་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་མིང་ཐོ་ཁྱབ་སྒྲོག་བྱེད་བཞིན་པ།

ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་གནང་བཞིན་པ།

ཐང་དཀར་རོལ་ཚོགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པ།

བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་འགྲན་ཞུགས་པ་སྒྲོལ་མ་ལྷ་མོས་ཡུལ་དངོས་སུ་སྙན་ངག་གྱེར་འདོན་བྱེད་བཞིན་པ།

མདོ་འཛིན་པ་དང་འགྲན་ཞུགས་སློབ་གྲོགས་དག་གིས་ལང་ཚོའི་རྦབ་ཆུ་གྱེར་འདོན་བྱེད་བཞིན་པ།

དགོང་ཚོགས་ཡོངས་སུ་མཇུག་རྫོགས་པ།


གསར་འགོད་པ།  ལྕགས་ཐར་ཚེ་རིང་།  དབང་རྒྱལ་ཚེ་རིང་།  ཐུབ་བསྟན།